[A:༤༣ན]ལུང་ལ། "ན་ནིང་ཀག་སྔ་བསུ་ལ་མཚན་མ་ངན་པ་བྱུང་རུང༌། ཕའི་སྲི་མ་སྒྲོལ་ན་སྔགས་པ་ཡོངས་ཀྱི་ཆེ་བ་ལ་གནོད་དོགས་དགེ་སྦྱོར་གྱི་རྩལ་གྱིས་འཆི་བ་བཟློག་པ་ཡིན། ད་ལོ་རང་ཨེ་སྡོད་མི་ཤེས"་གསུང་བ་སོགས་ཡེ་ཤེས་ཀྱི་གཟིགས་པས་དུས་མཁྱེན་པའི་བཀའ་ལུང་ཀྱངཡང་གནང༌། ཟླ་བ་བརྒྱད་པ་ཤར་ནས་སྐུ་མཚམས་ལ་བཞུགས། ཚེས་བརྒྱད་ལ་ཕན་ཡུལ་ལུང་པའི་སེར་མོ་བ་རྣམས་ལ་སྐུ་རིམ་གྱི་མང་ཇ་འགྱེད་བཅས་བཏང་བའི་ཚོགས་གྲོལ་ནས། ཆོས་ཁྲི་སྒང་དུ་འགྱེད་སྐལ་བགོད་པའི་ཚེ། ན་བཟའ་བེར་ཐུལ་སྐུ་དྲག་ཆགས་པ་ཞིག་འདུག་པ་ལ། གྲི་ཁ་བཏོད་པར་མ་སྤོབས་པའི་ཚེ། ཚུལ་སྒང་བ་བཟོད་པ་ན་རེ། "སྐུ་དྲག་ཆགས་ལ་ཁོ་ནས་དུམ་བུར་བྱེད་པ་འོས་པ་ཡིན། སེན་མོ་ཙམ་ལས་མ་ཁེབ་རུང་དད་པའི་རྟེན་སུས་ཐོབ་རྒྱལ་བ་ཡིན་པས་བསིལ་བ་ཁོ་ནར་ཐག་ཆོད་ཟེར་བཞིན"་པས། མགུལ་གོང་གི་ཐད་དུ་གྲི་གཙུགས་མ་ཐག །ནམ་མཁའ་ནས་མེ་ཏོག་གི་ཆར་བབ་པ་སྟོན་གྱི་དུས་སུ་ཙམ་པ་ཀའི་ནགས་ཚལ་རླུང་གིས་བསྐྱོད་པ་ལྟར། གནམ་དང་ས་ཐམས་ཅད་དཀར་ཆེམ་ཆེམ་ཁྲ་མེར་མེར་གྱུར། དེ་ནས་རྩམསབརྩམས་ཏེ་ཉིན་རེ་བཞིན་མེ་ཏོག་གི་ཆར་ཁ་བ་བུ་ཡུག་འཚུབས་པ་ཙམ་བབ་པ་ན། ཕལ་ཆེར་གྱིས་བདག་ཉིད་ཆེན་པོ་འདི་དགོངས་པ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་ཟིན་པར་ཐག་གཅོད་ཅིང༌། དད་པའི་སྤུ་ལོང་རབ་ཏུ་གཡོས་པའི་མིག་མཆི་མས་བརླན་བཞིན་པར་གསོལ་བ་འདེབས་པ་ལ་བརྩོན་པར་བྱེད་དོ། །ཆོས་ཀྱི་རྗེ་ཆོས་རྒྱལ་མཚན་པས་ན་བཟའི༌[B:༨༢] ཐུ་བ་སྐུ་དྲག་ཆེ་བའི་ཐད་ནས་གོས་ཁྲུའི་བཞི་ཚལ་ལྷག་ཙམ་[C:346]ཞིག་རིན་གྱིས་ཉོས་ནས་བརྒྱངས་ཏེ། རྗེའི་ཞལ་ལུད་དང༌། ཤངས་སྣམ་སོགས་ཀྱིས་བྱུགས། ཞལ་ཆབ་འཐོར་བ་དང༌། ཕྱག་གིས་ཡུན་རིང་དུ་བྱབ་པར་ཞུ་བ་སོགས་