R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༤༦ན
[A:༤༦ན]ཞལ་མི་བཞུགས་པའི་རྗེས་སུ་རང་དཀའ་ནང་ལ་གཏོང་ངམ་ཞུས་པས། སྤྱན་ཧུར་མཛད། ཨའུ་རྩི། ཚོགས་བདག་གི་སྐུ་མ་གི་ཚོ་ལ་གསོལ་བ་ཐོབ། གཏོར་མ་མ་ཆག་པར་ཕུལ། གཟིམས་ཁང་འོག་ཏུ་སྡོད་མི་དེ་ལྟོགས་པོ་མི་ཡོང་གསུང་བ་ཕེབས། སླར་ཡང་བཀའ་ཆེམས་ཡི་གེར་འཁོད་པ་ཅིགཞིག་ནན་གྱིས་ཞུས་པས། བཀའ་ཐོ་ཕྱག་བྲིས་མི་ཐུངས་པ་ཅིགཞིག་ཀྱང་གནང༌། དེ་ནས་ཀྱང་ཕལ་ཆེར་ཐུགས་དམ་ལ་[C:352]བཞུགས། ཐུན་མཚམས་སུ་སྔར་བཞིན་དག་པའི་སྣང་བ་འབའ་ཞིག་འཁྲུངས་པའི་རྣམ་འགྱུར་མཛད། ཚེས་བདུན་གྱི་ཉིན་ལྷོ་ཕྱོགས་སུ་རི་འབིར་བའི་སྒྲ་ཆེན་པོ་བྱུང་བ་རིམ་གྱིས་ནུབ་ངོས་སུ་ཡོལ་བ་དང༌། ཕྱི་དྲོ་ཉི་མ་དང་ཟླ་བ་གཉིས་ཀ་འཇའ་མཚོན་ཅིགཞིག་གིས་འཁོར་བ་བྱུང༌། [B:༨༧] མི་ཉག་དབག་སྟོན་གྱིས་སྲོད་ལ་སྐོར་བ་བྱས་དུས། སྔུན་སྔུན་ལ་ཁྱེའུ་དང་བུ་མོ་རྒྱན་གྱིས་བརྒྱན་པ་འགའ་ཞིག་གླུ་ལེན་ཞིང་སྐོར་བ་བྱེད་འདུག་པས། ཐུགས་ཟོ་མ་གསོད་དོགས་ནས་སུ་ཡིན་ལྟ་བའི་ཕྱིར་རྗེས་བསྙགསབསྙེགས་པས། སྐོར་བ་བདུན་བརྒྱད་ཀྱི་རིང་ཇེ་མགྱོགས་སུ་སོང་ནས་རྗེས་མ་ཟིན་པའི་ངང་དུ་གར་སོང་ཆ་མ་འཚལ་བ་བྱུང༌། དེ་ནུབ་སྲོད་ལ་ས་གཡོས་ལན་གསུམ་དང༌། ནམ་གུང་ལ་ལན་གཉིས་བྱུང༌། ཐོ་རངས་ས་གཡོས་ཤིན་ཏུ་ཆེ་བ་ཞིག་བྱུང་བས། བླ་མ་ཕུན་ཚོགས་པ་དངངས་ཏེ་ཡོལ་བའི་ཕྱིར་ཕྱིན་པ་ན། ཤར་ཕྱོགས་ནས་འཇའ་དཀར་པོ་དར་ཡུག་བརྐྱང་བ་ལྟ་བུ་ཞིག་ཤར་བའི་རྩེ་མོ་གཉིས་སུ་གྱེས། ཅིགགཅིག་ཆོས་ཁྲི་ལ་ཟུག། །ཅིགགཅིག་གཟིམས་ཡོལ་ལ་ཟུག་འདུག་པས། ཆོས་རྗེ་ཀུན་དགའ་དཔལ་བ་ལ་བསྟན་དུས། ཡོལ་བ་ཐལ་བྱུང་དུ་ཕུག་ནས་རྗེའི་ཐུགས་ཀར་ཟུག་པ་མཐོང༌། ནམ་མཁའ་དངས་ཤིང་སྐར་མ་བཀྲ་བ་ཉིད་ལས་སྐར་མདའ་མང་པོ་ཕྱོགས་ཕྱོགས་སུ་འཕོ་བར་བྱེད་དོ། །
སྐུ་ཞི་བའི་དབྱིངས་སུ་ཐུགས་དམ་ལ་བཞུགས་པའི་གཏམ།