[A:༤༩བ]ཆོས་འཁོར་རྒྱ་ཆེན་པོ་བསྐོར་བ་སོགས་བསྟན་པ་ལ་ཕྱག་བྲིས་སུ་མཛད། བསྟན་པའི་མངའ༌[B:༩༣] བདག་དྲུང་ཆེན་དཔལ་འབྱོར་རྒྱ་མཚོ་བས། གྲྭ་ཚང་ཆེན་པོར་བཀའ་ཆེན་བཞིས་གཙོ་བྱས་པའི་སྡེ་སྣོད་རབ་འབྱམའབྱམས་མང་པོ་ལ་གསུང་རྒྱུན་ཇི་ལྟ་བ་བཞིན་འཆད་ཉན་འཛད་ཅིང་། སློབ་དཔོན་ནམ་སྙིང་པ། ཆོས་རྗེ་བསོད་བཟང་པ། མཁས་གྲུབ་ཆེན་པོ་ཤེས་རབ་དབང་ཕྱུག་སོགས་འཆད་ཉན་ལ་བཀོསབསྐོས་ནས། ཕྱོགས་ཕྱོགས་སུ་ཆོས་བར་བསྐོར་བས་བློ་གསལ་དཔག་ཏུ་མེད་པའི་དོན་གྲུབ་སྟེ་མཁས་གྲུབ་ཀྱི་སློབ་མས་ས་ཐམས་ཅད་གང་བར་མཛད། རྡོ་རྗེ་འཛིན་པ་ཆེན་པོ་སློབ་དཔོན་ལེགས་རྒྱམ་པས་ནཱ་ལེནྡྲ་ཉིད་དུ་གསང་སྔགས་ཀྱི་གསུང་རྒྱུན་ལེགས་པར་བཟུང་ནས། བླ་མ་རིན་བཟང་པ་སོགས་འཆད་ཉན་ལ་བསྐོས། གཞན་ཡང་ཕྱོགས་དང་ཕྱོགས་རྣམས་སུ་མཁས་གྲུབ་ཀྱི་བུ་སློབ་གནམ་[C:360]གྱི་སྐར་མ་ལྟར་འཕན་ཞིང་རགས་པར་བཞུགས་པ་རྣམས་ཀྱིས་ཀློག་སྤོང་ལས་ཀྱི་འཁོར་ལོ་ཅི་རིགས་པའི་སྒོ་ནས་བསྟན་པ་བསྐྱངས་པས། དིང་སང་གི་བར་དུ་འཕྲིན་ལས་རྣམ་པར་དཀར་བའི་རྒྱུན་གྱིས་བསྟན་པ་དང༌། སེམས་ཅན་མང་པོའི་དོན་རྒྱ་ཆེན་པོ་འབྱུང་བཞིན་པ་འདི་ཡིན་ལ། དུས་ཕྱིས་བདག་འདྲ་བས་ཀྱང༌། གཟིམས་ཁང་འོག་མར་མདོ་སྔགས་ཀྱི་བཤད་ཉན་དང༌། སྒྲུབ་པ་ལ་ཅི་ནུས་ཀྱིས་འབད་ཅིང༌། སྐུ་སྐྱེ་རིན་པོ་ཆེའི་དགོངས་རྫོགས། མཆོད་འབུལ་སོགས་སྔོན་གྱི་སྲོལ་ཇི་ལྟར་བཞིན་བསྒྲུབས་པའི་ཐོག་ཏུ། གསང་ཕུའི་ཡན། ངམ་རིངས་མན་གྱི་ཀློག་པའི་གྲྭ་ཇི་སྙེད་ཅིག་འཆིས་སོ་ཚལ་དུ་མང་ཇ་སོགས་བསྙེན་བཀུར་དང༌། སྐུ་གསུང་ཐུགས་ཀྱི་རྟེན་འགའ་ཞིག་སྒྲུབསབསྒྲུབས། ཁྱད་པར་ལམ་འབྲས་བརྒྱུད་པའི་རྟེན་གཙོ་དང༌། ཆོས་ཀྱི་རྗེ་ཁུ་དབོན་གསུམ་ཀའི་དགོངས་པ་རྫོགས་ཐབས་སུ། ཀུན་མཁྱེན་བཀྲ་ཤིས་རྣམ་པར་རྒྱལ་བའི་