R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༠༦
[A:༡༠༦]རྗེ། དེས་བདག་ལའོ། །འདི་༡ལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུ། ༢མི་བསྐྱོད་པ་ལ་ལྷ་སོ་གཉིས། ༣ཁ་སྦྱོར་གྱི་རྡོ་རྗེ་སེམས་པ་ལྷ་སོ་བདུན། ༤ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ། ༥ཀྱཻ་རྡོ་རྗེ་མཚོན་ཆ་ཅན་ཕྱག་གཉིས་པ། ༦ཕྱག་བཞི་པ། ༧ཕྱག་དྲུག་པ། ༨ཕྱག་བཅུ་དྲུག་པ་སྟེ། ལྷ་བཅུ་བདུན་རེ་ཡོད་པའི་དཀྱིལ་འཁོར་བཞི། ༡༠བདག་མེད་མ་ལྷ་ཉི་ཤུ་རྩ་གསུམ། ཡང་བདག་མེད་མ་ལྷ་མོ་བཅོ་ལྔ་དང༌། ༡༡ཀུ་རུ་ཀུལླེ་ལྷ་བཅོ་ལྔ། ༡༢རྡོ་རྗེ་བདུད་རྩི་ལྷ་ཉི་ཤུ་རྩ་གཅིག བདུད་རྩི་ལྷག་མ་གསུམ་རྒྱུད་ལས་འབྱུང་བར་བསྟན། རྩ་རྒྱུད་ལས་བཤད་པའི། ༡༣ཀྱཻ་རྡོ་རྗེ་ཐོད་པ་ཅན་ཞལ་གཅིག་ཕྱག་གཉིས་པ། ༡༤ཕྱག་བཞི་པ། ༡༥ཞལ་གསུམ་ཕྱག་དྲུག་པ། ༡༦ཞལ་བརྒྱད་ཕྱག་བཅུ་དྲུག་པ་སྟེ་ལྷ་དགུའི་དཀྱིལ་འཁོར་བཞི། ༡༧མ་ཧཱ་མ་ཡ་ལྷ་ལྔ། ༡༨སངས་རྒྱས་ཐོད་པ་ལྷ་དགུ། ༡༩ཁ་སྦྱོར་ལས་
མངོན་བརྗོད་ལས
། བཤད་པའི་ཧཱུྃ་མཛད་ལྷ་བཅུ་གཅིག གཞན་རྣམས་འདིར་འཇམ་རྡོར། མི་བསྐྱོད་པ། རྡོར་སེམས་ཀྱི་ཁྲོ་བཅུས་བསྐོར་བའི་ཧཱུྃ་མཛད་ལྷ་བཅུ་གཅིག་མ་གསུམ་ཡང་སྣང༌། ༢༠ལཱུ་ཧི་པའི་རྗེས་འབྲང་གི་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་དང༌། ༢༡བདེ་མཆོག་གཙོ་འཁོར་ཐམས་ཅད་ཞལ་གཅིག་ཕྱག་གཉིས་༢༢པར་བྱས་པའི་ལུགས་གཉིས་ཏེ་བདེ་མཆོག་གི་དཀྱིལ་འཁོར་གསུམ། ༢༣ཡང་འདི་༢༤ལ་ཕག་༢༥མོས་གཙོ་བྱས་པའི་དཔའ་མོ་རྣམས་ཁོ་ན་བསྒོམ་པའི་དཀྱིལ་འཁོར་གསུམ། ༢༦ཡང་སངས་རྒྱས་ཐོད་པ་ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་གཅིག ༢༧རྡོ་རྗེ་གདན་བཞིའི་རྣལ་འབྱོར་ནམ་མཁའ་ལྷ་ལྔ་བཅུ་ང་བདུན་གྱི་དཀྱིལ་འཁོར། ༢༨གཤིན་རྗེའི་གཤེད་ནག་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར། ༢༩གུར་གྱི་སྒྲོལ་མ་ལྷ་བཅུ་གཅིག་ཕྱག་མཚན་བརྒྱད་དང་བཅས་པའི་དཀྱིལ་འཁོར། ༣༠འོད་ཟེར་ཅན་ལྷ་ཉི་ཤུ་རྩ་ལྔ། ༣༡སོ་སོར་འབྲང་མ་སེར་མོ་ལྷ་དགུ། ༣༢རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྒོ་གཉིས་སྦྲག་ལ་རྩ་བའི་ལྷ་ལྔ་བཅུ་ང་གསུམ། སྐལ་བཟང་དགུ་བརྒྱ་དང་