R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༠༩
[A:༡༠༩]དབོན། ཡང་རོང་པ་དགེ་རིངས། རྒྱ་དོ་པ། སློབ་དཔོན་ཇོ་བཙུན་ནོ། །ཡང༌། ཁམས་པ་ལ། གྲུབ་ཐོབ་སྟག་ཏེའུ། བླ་ཆེན་དྲན། སྲས་ཤེས་རབ་སེང་གེ མཁས་པ་དཀོན་རིན། ལྷ་རིན་ཆེན་གྲགས། བསོད་ནམས་བྱང་ཆུབ། འཛམ་གླིང་པ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །དེའི་ཡིག་ཆའི་རིམ་པ་ནི། དབང་བསྡུས་ལས་ཀྱི་འཁོར་ལོའི་བྱུང་ཚུལ། བརྒྱུད་པའི་ལོ་རྒྱུས་མཉྫུ་གྷོ་ཥ་ན་ཐས་སྦྱར་བ། དབང་བསྡུས་ལས་ཀྱི་འཁོར་ལོའི་མན་ངག་འགྲོ་བའི་སྲོག་སྙིང་འགུགས་པའི་ལྕགས་ཀྱུ། མཁའ་འགྲོ་མའི་སྒྲུབ་ཐབས་དབང་བསྡུས་ལས་ཀྱི་འཁོར་ལོའི་མན་ངག དབང་དུ་བསྡུས་པའི་ཆོ་ག་ཕྲིན་ལས་མྱུར་དུ་སྒྲུབ་པ་ལས་ཁ་རླུང་ལ་གཞོལ་བ། རྗེས་གནང་མན་ངག་འཇམ་དབྱངས་མགོན་པོས་བསྡུས་པ། ཡང་རྗེས་གནང་གི་མན་ངག་ཡིག་ཆུང༌། དབང་གི་ཙཀྲའི་ཞལ་གདམས། ལས་སྦྱོར་གྱི་གནད། འཁོར་ལོ་བྲི་ཐབས་ཞལ་གདམས་ཟིན་བྲིས་མ། ཐ་མོ་ཆེ་བྲི་ཐབས། ཡང༌། འཁོར་ལོའི་བྲི་ཐབས་ཡིག་ཆུང༌། ཞལ་གདམས་ཁྲིགས་ཆགས་སུ་སྒྲིགས་པ་ཉམས་སུ་བླང་བདེ་བ་སྙིང་ནང་གི་ཁྲག་ལྟ་བུ་གཞུང་དང་མི་འགལ་བར་སྡེབས་པ། མཁའ་འགྲོ་མའི་གསང་སྒྲུབ་རྣམས་འཛམ་གླིང་པཎྜི་ཏས་སྒྲིགས་པ། ར་ཛཱ་སོགས་དབང་དུ་བྱེད་ན་ཞེས་པ་སྦྱིན་སྲེག་དང་འཁོར་ལོ་ལ་རྟེན་པའི་ལས་སྦྱོར། སྔགས་ཀྱི་རྒྱལ་པོའི་དམ་ཚིག་གི་དངོས་གྲུབ་སྒྲུབ་པའི་ཐབས་རིན་ཆེན་རྡོ་རྗེས་མཛད་པ་བ་རི་བའི་འགྱུར། ས་སྐྱ་པའི་ཕྲེང་བ་དམར་པོའི་གདམས་པ། དབང་གི་འཕྲིན་ལས་ལག་ལེན་དགེ་སློང་ཤཱི་ལ་ཀིརྟིས་སྦྱར་བ། གསང་སྒྲུབ་ཐ་ཆེན་གྱི་འཁོར་ལོ་བྲི་ཐབས། འཁོར་ལོའི་བྲི་ཐབས་ཉིན་མཚན་གྱི་བསྲུང་བ་དང་བཅས་པ། རྗེས་གནང་གི་
འདི་ཟློས
། ཡིག་ཆུང་འཇམ་དབྱངས་མགོན་པོས་སྦྱར་བ། འདོད་རྒྱལ་ཡབ་ཡུམ་གྱི་སྦགས་སྒྲུབ་