R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༡༤
[A:༡༡༤]བདག་བརྒྱད་ཀྱིས་བསྐོར་བ། ལྗང་ཁུ་ཀླུ་བརྒྱད་ཀྱིས་སྐོར་བ། མཐིང་ཁ་ཞལ་གསུམ་ཕྱག་དྲུག་ལྷ་མོ་བརྒྱད་ཀྱིས་བསྐོར་བ། ཤུ་རངྒ་ཝརྨྨ་ལུགས་ཀྱི་རྣམ་སྲས་ཨ་པ་ར་ཙི་ཏ་དང་བཅས་པའི་སྒྲུབ་ཐབས། འགྲོ་བཟངས་སྙིང་པོའི་ལུགས་ཀྱི་སྒྲུབ་ཐབས་ཤམ་བུ་བདུན་གྱི་མན་ངག་དང་བཅས་པ། བུ་སྟོན་ཆོས་རྗེས་མཛད་པའི་སེར་ཆེན་གྱི་ཕྱི་སྒྲུབ། བསྙེན་སྒྲུབ་གཏོར་ཆོག་དང་བཅས་པ། ལྗང་ཁུ་གསང་སྒྲུབ་གོང་ཁུག་སྲོ་མ་ཅན་གྱི་བསྐོར་བསྙེན་བསྒྲུབ་ལས་སྦྱོར་དང་བཅས་པ། རྟ་བདག་བརྒྱད་ཀྱི་ཁོལ་བསྒྲུབ། སེར་ཆེན་དང༌། མདུང་དམར་
འདི་བུ་སྟོན་གྱིས་མཛད་པ་ཡིན
། ཅན་གཉིས་ཀྱི་རྗེས་གནང་གི་ཡི་གེ་བུ་སྟོན་པས་མཛད་པ། ཌོཾ་བྷི་ཧེ་རུ་ཀ་ནས་བརྒྱུད་པའི་མདུང་དམར་ཅན་གྱི་སྒྲུབ་ཐབས་ནཱ་རོ་པའི་ཞལ་གདམས་དང་བཅས་པ། གསང་སྒྲུབ་ཡིད་བཞིན་ནོར་བུ་ཚེ་སྒྲུབ་དང་བཅས་པ། གཅེས་ཡིག་བསྡུས་པ། དམ་ཚིག་བསྲུང་ཐབས། བཟླས་པའི་མན་ངག གསང་བའི་མན་ངག རྟེན་གསུམ་གྱི་འཆད་ཐབས། ཀུ་བེ་ར་ལ་རྟ་ཕྱུགས་གཉེར་དུ་གཏད་པ། གཅེས་ཡིག་བཅོ་བརྒྱད་པ། དགྲ་ལ་འཆད་པ་བཅད་པ། མདུང་དམར་ཅན་བོ་དོང་བྱ་རྒོད་གཤོངས་ཀྱི་གཏེར་མ། ལས་ཚོགས་ཞལ་ཤེས་དགོས་འདོད་འབྱུང་བ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་ཟིན་བྲིས་སུ་སྒྲིགས་པ་རྣམས་ཐོབ་བོ། །ཆོས་ཚན་དེ་དག་གི་ལུང་སེར་ཆེན་གྱི་རྗེས་གནང་དང་བཅས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། གསང་བའི་བདག་པོ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟངས་སྙིང་པོ། པཎྜི་ཏ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་བ། ཟངས་དཀར་ལོ་ཙཱ་བ། གཡོར་པོ་ཇོ་སྟོན། བསོད་ནམས་རིན་ཆེན། འཇིད་ཆུ་བ། ལྷ་རྗེ་ཇོ་བཟངས། བྱམས་པ་ལོ་ཙཱ་བ། བསོད་ནམས་དབང་ཕྱུག བསོད་ནམས་སེང་གེ རིན་ཆེན་སེང་གེ བུ་སྟོན་ཆོས་རྗེ། བླ་མ་ཐབས་ཀྱི་བློ་གྲོས། བཟད་པ་རིན་རྒྱལ་བ། ཕ་ཆོས་