[A:༡༡༧]འཕྲིན་ལས་ཀྱི་རྣམ་པར་ཐར་པ་བསྟན་པ། རིན་ཆེན་སྣ་བདུན་གྱི་མིང་ཚན་པ་གསུམ། གྲོང་ཁྱེར་ཤིང་རྟགས་ཅན་གྱི་ལོ་རྒྱུས། གཏེར་བུམ་དང་ཐོད་པ་ལ་རྟེན་ནས་ནོར་སྒྲུབ་པ། དགའ་བཞིའི་ཡེ་ཤེས་བསྐྱེད་པ། རྣ་བ་མནན་པ། མདངས་འཕྲོག་པ། བྱིས་པའི་གཟུགས་འཇིགས་པས་ཞེས་པའི་ལས་ཚོགས་གསུམ། ཆར་དབབ་པ། ནོར་བདག་གཟིར་བས་ནོར་རྣམས་འཕྲོག་ཅེས་པའི་ལས་ཚོགས། ཆུ་དབང་སྙིང་རྗེ་ཅན་ཞེས་བྱ་བའི་གཟུངས། འཕགས་པ་སྣོད་འཛིན་གྱི་གཟུངས། ཆུ་སྦྱིན་པའི་མན་ངག ཆུ་སྦྱིན་པའི་གླེང་གཞི་རྣམས་སོ།། ༈ །།དམར་པོའི་སྐོར་གྲྭ་པ་མངོན་ཤེས་ནས་བརྒྱུད་པ་ལ། སྒྲུབ་ཐབས་ཐུན་མོང་མ་ཡིན་པ། ཐོད་པ་ལ་རྟེན་ནས་སྒྲུབ་པ། དབང་དུ་བྱ་བའི་འཕྲིན་ལས། སྦྱིན་སྲེག་ལ་རྟེན་ཏེ་སྒྲུབ་པ། ཚོགས་མཆོད་འབུལ་བ། འཁོར་ལོ་བྲི་ཐབས། ཛམྦྷ་ལའི་སྒྲུབ་ཐབས། ཛམྦྷ་ལ་དམར་པོའི་དབང་བསྐུར་བ་རྣམས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་སུ་གཏེར་དུ་སྦས་པ། གྲྭ་པ་མངོན་ཤེས་ཀྱིས་བཏོན་པའི་བརྒྱུད་པ་ནི། སློབ་དཔོན་པད་མ། གྲྭ་པ་མངོན་ཤེས། གྲྭ་པ་ཐུགས་རྗེ་འབུམ། ཤུ་ལ་ཙནྟྲ། སློབ་དཔོན་ཚུལ་རྒྱལ། མཁན་པོ་ཉི་མ། སློབ་དཔོན་དོན་བཟངས། དབུ་མ་པ་གྲུབ་བརྩོན། བཀའ་བཅུ་པ་བཀྲ་ཤིས་བཟང་པོ། བློ་གྲོས་བཟང་པོ། རིན་པོ་ཆེ་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། པཎ་ཆེན་ལུགས་ཀྱི་ཛམྦྷ་ལའི་སྐོར་ཐོབ་པ་ལ། ནག་པོ་ཞལ་གསུམ་ཕྱག་དྲུག་གནོད་སྦྱིན་བརྒྱད་ཀྱིས་སྐོར་བའི་བསྐྱེད་རྫོགས་ལ་རྟེན་ནས་མཆོག་སྒྲུབ་པ། ལོངས་སྤྱོད་སྤེལ་བ། གཏོར་མ་འབུལ་བ། ཚོགས་འབུལ་བ་སྟེ་ཐུན་མོང་གི་དངོས་གྲུབ་སྒྲུབ་པ། བྱིན་བརླབས་ཀྱི་ཆོ་ག་རྣམས་ཏེ། བླ་མ་བརྒྱུད་པ་གསན་ཡིག་ན་མི་བཞུགས་པས་འདིར་ཡང་དེ་ལྟར་རོ།། ༈ །།ཡང༌། ཇོ་