[A:༡༢༠]དང༌། དབུ་ཚད་པ་ཡིན་པས། ཨཾ་ནས་ལ་མཁས། འོ་བརྒྱད་ཡོ་ག་བ་ཡིན་པས། དམ་རྒྱ་མཁས། ཤེའུ་རིས་ཚོགས་ལ་མཁས། དེ་ལྟར་ན། བྲང་ཏི་ལས། རྩངས་ཡང་དག་འབར། ཕྱུག་ཟུངས་སྐྱབས། རྩང་པ་འབྱུང་སེང༌། ལྕེ་སྟོན་མདོ་སེང༌། བླ་མ་སྟོན་ཤཱཀ ལྕེ་བློ་ལྡན་སེང་གེ བླ་མ་འཕགས་པ་ཡོན་ཏན་རྒྱ་མཚོ། བུ་སྟོན་ཁ་ཆེ། མཁན་ཆེན་བྱང་སེང་པ། རིན་པོ་ཆེ་བཀྲས་རིན་པ། རིན་པོ་ཆེ་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །གྲུབ་སྙིང་ལ་རྟེན་པའི་ཨ་མ་ན་སེའི་སྐོར་ལ། ལྟ་བ་ངན་སེལ་གཉིས་མེད་རྡོ་རྗེས་མཛད་པ། འཚུར་ཡེ་འབྱུང་གི་འགྱུར། སྔགས་ཀྱི་ལྟ་བ་སྟོན་པ་དབུ་མ་དྲུག་པ། མཻ་ཏྲི་པས་མཛད་པ་ནག་ཚོའི་འགྱུར། ལྟ་བ་ངན་པ་སེལ་བའི་དྲན་པའི་དཀའ་འགྲེལ། གཉིས་མེད་རྡོ་རྗེས་མཛད་པ་འཚུར་གྱི་འགྱུར། སྔགས་ཀྱི་སྤྱོད་པ་སྟོན་པ་ལྷན་ཅིག་སྐྱེས་གྲུབ། འཚུར་གྱི་འགྱུར། རྨི་ལམ་ངེས་བསྟན་གཉིས་མེད་རྡོ་རྗེས་མཛད་པ་ནག་ཚོའི་འགྱུར། སྒྱུ་མ་ངེས་བསྟན། རབ་ཏུ་མི་གནས་པ་གསལ་བར་སྟོན་པ། གཉིས་མེད་རྡོ་རྗེས་མཛད་པ་ནག་ཚོའི་འགྱུར། དེ་ཁོ་ན་ཉིད་བཅུ་པ་གཉིས་མེད་རྡོ་རྗེས་མཛད་པ། ནག་ཚོ་འགྱུར། འདིར་འཚུར་ལ་འགྱུར་གདན་བྱས་པ། ཟུང་འཇུག་རབ་ཏུ་གསལ་བར་མཛད་པ་ཨ་ཝ་དྷཱུ་ཏིས་མཛད་པ། ནག་ཚོ་འགྱུར། དགའ་བཅུགས་ལྔ་པ། མི་ཕྱེད་པ་ལྔ་པ། བདེ་བ་ཆེན་པོ་གསལ་བ་རྣམས་མཻ་ཏྲི་པས་མཛད་པ། རྨ་བན་འགྱུར། ཐུན་མོང་གི་ལྟ་བ་སྟོན་པ་དེ་ཁོ་ན་ཉིད་རིན་པོ་ཆེའི་འཕྲེང་བ། གཉིས་མེད་རྡོ་རྗེས་མཛད་པ་ནག་ཚོ་འགྱུར། དེ་ཁོ་ན་ཉིད་རབ་ཏུ་བརྟན་པ། གཉིས་མེད་རྡོ་རྗེས་མཛད་པ་འགྱུར་བྱང་མེད། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ་གཉིས་མེད་རྡོ་རྗེས་མཛད་པ། རྨ་བན་འགྱུར། དབང་གི་དགོས་པ་མདོར་བསྡུས་པ། འཚུར་གྱི་འགྱུར། དབང་གི་ཆོ་ག་བསྡུས་པ། གཉིས་མེད་རྡོ་རྗེས་མཛད་