R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༢༥
[A:༡༢༥]མཆེད་གཉིས་ལ་གདམས་པ། ཆོས་བློ་དབོན་པོ་ཀུན་དགའ་རྒྱལ་མཚན་ལ་གདམས་པ། ཤེས་རབ་གྲུབ་དང༌། ཀ་དྲུག་པ་ལ་གདམས་པ་རེ་རེ། དགེ་བའི་བཤེས་གཉེན་ཤཱཀྱ་བཟང་པོ་ལ་གདམས་པ་གཉིས། སྟག་ལུང་པ་སངས་རྒྱས་དཔལ། བཤེས་གཉེན་ནམ་མཁའ་འགྲུབ། དཔོན་ཆེན་བྱང་པ་སི་ཏུ་བསོད་ནམས་དཔལ། རས་རྐྱང་པ་རྒྱལ་མཚན་དཔལ་རྣམས་ལ་གདམས་པ་རེ་རེ། དགེ་བའི་བཤེས་གཉེན་དཔལ་ལྡན་ཡེ་ཤེས་ཀྱིས་བསྐུལ་བའི་དམ་བཅའ་དང་སྨོན་ལམ། དམ་ཆོས་སྒྲུབ་པ་ལ་གཅེས་པའི་མན་ངག བཤེས་གཉེན་རབ་རྩེ་ལ་གདམས་པ། ཕ་ཇོ་གཡུ་དྲུང་དཔལ་ལ་གདམས་པ། རྟེན་གྱི་དཀར་ཆག ལོ་རྒྱུས་རྒྱས་བསྡུས་གཉིས། ནང་གི་ལོ་རྒྱུས། མདོ་སྡེ་རྒྱན་གྱི་ཊཱི་ཀའི་དབུ་ཞབས་ཀྱི་ཚིགས་བཅད། རྒྱུད་བླ་མའི་ཊཱི་ཀའི་དབུ་ཞབས་ཀྱི་ཚིགས་བཅད། སྤྱོད་འཇུག་གི་ཊཱི་ཀའི་དབུ་ཞབས་ཀྱི་ཚིགས་བཅད། ཟླ་བཟངས་ཀྱི་དོན་དུ་མཛད་པའི་དྲང་པོའི་གཏམ། བྱ་བྲལ་བ་དཔལ་རིན་གྱི་དོན་དུ་མཛད་པའི་བསྔོ་བ་སྨོན་ལམ། དཔོན་རིན་ཆེན་བཟང་པོའི་དོན་དུ་མཛད་པའི་སྨོན་ལམ། ཁམས་པ་མ་ཎི་བ་ལ་གདམས་པ། གཡུ་
འདི་གོང་དུ་མ་སོང༌
། དྲུང་དཔལ་གྱི་དོན་དུ་མཛད་པའི་ཡན་ལག་བདུན་པ། རང་ལ་གདམས་པ་ཤླཽ་ཀ་གཅིག ཡང་གཅིག་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྡིག་པ་ཞི་བྱེད། རྒྱལ་སྲས་རིན་པོ་ཆེའི་རྣམ་པར་ཐར་པ་ལོ་ཆེན་བྱང་རྩེས་མཛད་པ། བླ་མ་ནཻ་སིང་པས་མཛད་པའི་ཐོག་མཐའ་བར་གསུམ་དུ་དགེ་བ། ཉན་པོ་བ་དཔལ་རིན་གྱིས་མཛད་པའི་གཞན་ཕན་འོད་ཟེར། བླ་མ་རྒྱ་མ་བས་མཛད་པའི་མྱ་ངན་འདས་ཆུང༌། ཐུགས་རྗེ་ཆེན་པོའི་དམར་ཁྲིད་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། ཆོས་རྗེ་རྒྱལ་སྲས་པ། ལོ་ཆེན་བྱང་ཆུབ་རྩེ་མོ། རྡོ་རྗེ་འཛིན་པ་ཤྲཱི་མ་ཏི། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།།