R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༢༦
[A:༡༢༦]༄། །བྲག་ཐོག་ཆོས་རྗེ་དཔལ་འཛིན་པ་ལ་ཞུས་པའི་སྐོར་བཞུགས།། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་དཀྱིལ་ཆོག་ལས་རིམ་སློབ་དཔོན་པདྨས་མཛད་པ། ཆོས་རྗེ་བླ་མས་མཛད་པའི་འཆམ་ཡིག་གཉིས་ཀྱི་ལུང༌། སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང་ཆོས་རྗེ་བླ་མས་མཛད་པའི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། པདྨ། སྣ་ནམ་རྡོ་རྗེ་བདུད་འཇོམས། འཁོན་ཀླུའི་དབང་པོ། དགེ་སྐྱབས། དགེ་མཐོང༌། བལ་པོ་ཤཱཀྱ་བློ་གྲོས། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་ཆེན་པོ། ས་པཎ། འཕགས་པ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། ཆོས་རྗེ་བླ་མ་ཏ་དབྱེན་ཀུན་ལེགས། སྐྱི་བཛྲ་རཏྣ། འཇམ་དབྱངས་བློ་གྲོསབྲག་ཐོག་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ། །ཡང༌། སྣ་ནམ་ཡན་སྔར་དང་འདྲ་བ་ལས། ཁམས་སྒོམ་མཆོག་གི་ལེགས་པ། འཁོན་རོག་ཤེས་རབ་ཚུལ་ཁྲིམས། མཆོག་གི་སེམས་དཔའ། དཀོན་མཆོག་རྒྱལ་པོ། མཐའ་བཞི་སྟོན་པ་ཨ་སུ་མེ། བཟང་པོ་ཤེས་རབ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། བླ་མ་རིན་པོ་ཆེ། བདེ་བ་ཅན་པ་ཡེ་ཤེས་མགོན། ཕུལ་མར་བ་རིག་པ་སྙིང་པོ། ཆོས་རྗེ་རྩིབས་རི་བ། སྐྱི་བཛྲ་རཏྣ། འཇམ་དབྱངས་བློ་གྲོས་པ་ནས། བྲག་ཐོག་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་གྲི་གུག་ལྷ་ལྔ་མ་གཱ་ཡ་དྷ་ར་ལས་བརྒྱུད་པ། མན་ངག་ལུགས་ཀྱི་དབང་བཞི་བསྐུལ་ཚུལ་དང༌། གུར་ལྷ་མགོན་བཅུ་གཉིས་མ་དང་ལྷ་བརྒྱད་མའི་དབང་རྒྱ་གཞུང་ལུགས་རིག་པའི་དབང་ལྔ་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཟླས་ལུང་དང་བཅས་པ། ཆོས་རྗེ་ཀུན་དགའ་