R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༢༧
[A:༡༢༧]རྒྱལ་མཚན་གྱིས་མཛད་པའི་སྟེང་ནས་ཐོབ་པའི་གྲི་གུག་ལྷ་ལྔའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་ཊཱ་ཀི་མ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྟྲ་བྷུ་ཏི། ཕུན་ཚོགས་བདེ་བ། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། གཱ་ཡ་དྷ་ར། བླ་ཆེན་འབྲོག་མི། ཞེ་སྡང་རྡོ་རྗེ། རོལ་པའི་རྡོ་རྗེ། མི་བསྐྱོད་རྡོ་རྗེ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ས་པཎ། བླ་མ་ཤེས་རབ་འབྱུང་གནས། བླ་མ་རྡོ་རྗེ་འོད་ཟེར། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། རོང་མི་ཡེ་ཤེས། ཏྲེ་བོ་རྡོ་རྗེ་གྲགས། བག་སྟོན་པ། བླ་མ་ཚུལ་རྒྱལ་བ། བླ་མ་ངག་དབང་པ། ཆོས་རྗེ་ཐེག་ཆེན་པཆོས་རྗེ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ནམ་མཁའ་ལྷུན་བཟངསབྲག་ཐོག་པ་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ། །འདི་བཅུ་བདུན་མའི་ཡིན་པ་འདྲའོ། །བཅུ་གཉིས་མའི་དབང་གི་བརྒྱུད་པ་ནི། ཇོ་བོ་རྗེ། ལྕགས་རི་གོང་ཁ་བ། རྫིང་བུ་ཁ་པ། སྤེན་ཕུག་པ་ཞང་ཡེ། གཟོ་བོ་དོན་གྲུབ། བར་ཐང་པ་ཡབ་སྲས། དར་ཤཱཀ་པ་སློབ་དཔོན་བསོད་དབང༌། བླ་མ་མཆོག་ལྡན། སྐྱི་སྟོན་གྲགས་རྒྱལ། བླ་མ་རིན་ཆེན་རྡོ་རྗེ། མཁན་ནམ་མཁའ་ཡེ་ཤེས། མཁན་བྱང་སེང་པ། དེ་གསུམ་ཀ་ལ་ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ཆོས་རྗེ་འཇམ་དབྱངས་གྲགས་པའི་དཔལ མཁན་ནམ་མཁའ་ལྷུན་བཟངས། བྲག་ཐོག་པ་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ།
།ལྷ་བརྒྱད་མ་དང་བཅུ་གཉིས་མ་གཉིས་ཀའི་ཐུན་མོང་གི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ། བདེ་བའི་རྡོ་རྗེ། ཤྲདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བླ་མ་བྲག་སྟེངས་པ། མལ་གྱོ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ས་པཎ། འཕགས་པ། བཀྲས་ལུང་པ། དགེ་སྡིངས་པ་ཆེན་པོ། སངས་རྒྱས་དཔལ། རིན་