R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༢༨
[A:༡༢༨]ཆེན་གླིང་པ། བླ་མ་རིན་ཆེན་རྡོ་རྗེ་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་བ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། མཁན་ནམ་མཁའ་ལྷུན་བཟང༌། བྲག་ཐོག་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ། ༈ །བླ་མ་དེ་ལས་རྡོ་རྗེ་འཇིག་བྱེད་ཀྱི་གཙོ་བོའི་སྒྲུབ་ཐབས་དྲི་མེད་སྣང་བ་རྭ་ལོས་མཛད་པ། རྭ་ལོའི་ཉམས་མགུར་ཆོས་བརྒྱད་དུ་གྲགས་པ། རྒྱ་སྟོན་གྱིས་མཛད་པའི་བསྲུང་བཟློག་བསད་གསུམ་གྱི་མན་ངག རྩ་ཞལ་གསུམ་གྱི་ལས་ཚོགས་རྭ་ཕྱི་མས་ཡི་གེར་བཀོད་པ། དགྲ་ནག་གི་ཊཱི་ཀ་རྭ་ལོས་མཛད་པ་རྣམས་ནམ་ལྷུན་བརྒྱུད། ༈ ཡང༌། འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བཞི་པའི་ལུང་ཐོབ་ཏེ། གྲགས་དོན་པ་ཡན་རྒྱུད་འབུམ་དང་འདྲ་ལ། དེ་ལ་རྔོག་བྱང་ཆུབ་དཔལ། དེས་བླ་མ་དཔལ་ལྡན་རྒྱ་མཚོབྲག་ཐོག་ཆོས་རྗེ་དཔལ་འཛིན་པའི་དྲུང༌། དེས་བདག་ལའོ། །རྭ་ལུགས་ཀྱི་ཨུཥྞི་ཥའི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཇམ་དབྱངས། ཡེ་ཤེས་ཞབས། དཔལ་འཛིན། ཏཻ་ལོ་པ། ནཱ་རོ་པ། ཛྙ་ན་རཀྵི་ཏ། བལ་པོ་ཐུགས་རྗེ་ཆེན་པོ། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། དེའི་སྲས་གཅེན་ཡེ་ཤེས་སེང་གེ གཅུང་དྷརྨ་སེང་གེ གཅེན་གྱི་སྲས་རྭ་འབུམ་སེང༌། གཅུང་གི་སྲས་དཀོན་མཆོག་སེང་གེ དེའི་སྲས་ཤེས་རབ་རྒྱལ་མཚན། དེ་ནས་རྒྱ་སྟོན་དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། བླ་མ་མགོན་པོ་རྒྱལ་མཚན། རྡོ་རྗེ་རྒྱལ་མཚན། འོད་ཟེར་སེང་གེ ལྡན་མ་ཚུལ་རྒྱལ། རྒྱལ་བ་ཕྱག་ན། དེས་བྲག་ནག་པ་རིན་རྒྱལ། ཡང་ན་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ལ་མཁན་དྭང་མ་བ་བརྩོན་འགྲུས་བྱང་ཆུབ། བདག་པོ་བསོད་ཡོན་པ། མཁན་ཆེན་ཆོས་དཔལ་བཟང་པོ། ཆོས་རྗེ་བློ་གྲོས་བརྟན་པབྲག་ནག་པ་རིན་ཆེན་རྒྱལ་མཚནཆོས་རྗེ་དཔལ་འཛིན་བཟང་པོ། དེས་བདག་