R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༥༢
[A:༡༥༢]ར་ཀཎྜ་དེ་ཝ། ས་འཛིན། དཔལ་གྱི་བཤེས་གཉེན། ཆོས་ཀྱི་གྲགས་པ་རྒྱལ་མཚན། རིན་ཆེན་གྲགས། དཔལ་ནགས་ཀྱི་རིན་ཆེན། དེས་སོ། ༈ །འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཕན་ཡོན་དང་བཅས་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། དབང་པོའི་གཙུག་རྒྱན། པད་མའི་རྗེ། མཁས་པའི་རྗེ། སངས་རྒྱས་ཡེ་ཤེས། ལེགས་སྐྱེས། བཀྲ་ཤིས་བློ་ལྡན། ཕྱོགས་གྲོལ། ཆོས་ཀྱི་མཚོ། ཡེ་ཤེས་རྒྱ་མཚོ། ཆོས་ཀྱི་རྒྱན། སྲིད་པའི་དཔུང་གཅིག གྲགས་པའི་རྡོ་རྗེ། ཆོས་གྲགས། སངས་རྒྱས་དབྱངས། དཔལ་ནགས་ཀྱི་རིན་ཆེན། དེས་སོ། །བཟང་སྤྱོད་དང༌། སྒྲོལ་མ་གཉིས་ལ། དེ་དང་དེའི་ལུང་ཡང་ཐོས་གསུང་བ་ཙམ་ལས། བརྒྱུད་རིངས་བགྲངས་པ་མི་སྣང༌། བྱང་ཆུབ་སེམས་བསྐྱེད་ཀྱི་བརྒྱུད་པ་ནི།
བཙལ་བར་བྱའོ
། ༈ ཛི་ནཱ་པཱ་རི་
རྒྱལ་བ་ཚེ་དཔག་མེད
། མི་ཏཱ་ཡུཿ གརྦྷ་པཱ་དཿ་
སྙིང་པོ་ཞབས
། ཛེ་ཏཱ་རི་པཿ་
དགྲ་ལས་རྒྱལ་བ
། པུ་ཛྙཱ་ནཿ་
ཡེ་ཤེས་བཟང་པོ
། དྷྱ་ན་པྲ་ཛྙཱཿ་
བསམ་གཏན་ཤེས་རབ
། པདྨ་ཤཿ་
མཆོག་གི་བསམ་པ
། རཱ་ག་བཛྲཿ་
ཆགས་པའི་རྡོ་རྗེ
། ག་ཛ་གྷོ་ཥཿ་
གླང་པོའི་དབྱངས
། ཨཱ་ནནྡ་པཱ་དཿ་
ཀུན་དགའ་ཞབས
། བཱ་དི་རཱ་ཊཿ་
སྨྲ་བའི་རྒྱལ་པོ
། ཛི་ན་བྷ་དྲཿ་
རྒྱལ་བ་བཟང་པོ
། བཱ་གཱི་ཤྭ་རཿ་
ངག་གི་དབང་ཕྱུག
བི་ཛ་ཡ་ཀཱིརྟིཿ་
རྣམ་རྒྱལ་གྲགས་པ
། ཤྲདྡྷ་ཙཱི་རིཿ་
དད་པའི་སྤྱོད་པ
། རཏྣ་པཱ་ཀ་རཿ་
རིན་ཆེན་མཚོ
། རཏྣ་མ་ཏིཿ་
རིན་ཆེན་བློ་གྲོས
། དཱི་པཾ་ཀ་རཿ་
མར་མེ་མཛད
། རཱ་ཧཱུ་ལ་བྷ་དྲཿ་
སྒྲ་གཅན་བཟང་པོ
། དྷརྨ་ཤྲཱིཿ་
ཆོས་དཔལ
། ཛྙཱ་ན་སཱ་ཀ་རཿ་
ཡེ་ཤེས་རྒྱ་མཚོ
། ཤྲཱི་དྷརྨཱ་རཱ་ཛཿ་
ཆོས་དཔལ་རྒྱལ་མཚན
། ཤྲཱི་བ་ན་རཏྣཿ་
དཔལ་ནགས་ཀྱི་རིན་པོ་ཆེ
། ཏཏྨ་མ་ནེཿ་
དེ་བདག་ལ
། འདི་ནི་ཚེ་དཔག་མེད་ལྷ་དགུའི་དབང་གི་བརྒྱུད་པའོ།། །།