R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༥༤
[A:༡༥༤]དྲིལ་བུ་པ། རུས་སྦལ་ཞབས། ཛཱ་ལནྡྷ་ར་པ། ནག་པོ་སྤྱོད་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏེ་ལོ་པ། ནཱ་རོ་པ། ཕམ་མཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་རྩེགས། མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ་སྙིང་པོའི་ཞབས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་ཆེན་པོ་གྲགས་པའི་མཚན་ཅན། རྗེ་ས་སྐྱ་པཎྜི་ཏ། འུ་ཡུག་བསོད་སེང༌། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། ཆོས་རྗེ་ལོ་ཙཱ་བ།
རིན་ཆེན་རྣམ་རྒྱལ
། རིན་པོ་ཆེ་གྲགས་པ་རྒྱལ་མཚན། མཚུངས་མེད་ཡེ་ཤེས་རྒྱ་མཚོ། དེའི་ཐུགས་རྗེས་བདག་མཐུ་བཙུན་ཀུན་དགའ་རྣམ་པར་རྒྱལ་བ་ལའོ། །དེ་དག་ནི་ས་སྐྱ་པ་ནས་བརྒྱུད་པ་ཡིན་ལ། བརྒྱུད་པ་ཆུ་བོ་དྲུག་ལུས་ལ་སོགས་པ་རྒྱས་པར་བུ་སྟོན་གསན་ཡིག་ལས་རྟོགས་པར་ནུས་སོ།། ༈ །།གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་གཙོ་བོ་བྱས་པ་ལྷ་བཅུ་དགུའི་སྒྲུབ་ཐབས། ཇོ་བོ་རྗེས་ལྷ་བཙུན་བྱང་ཆུབ་འོད་ཀྱི་དོན་དུ་མཛད་པ་དང༌། དཀྱིལ་ཆོག་འཇམ་རྡོར་གྱི་དཀྱིལ་ཆོག་བུ་སྟོན་རིན་པོ་ཆེས་མཛད་པའི་སྟེངས་ནས། དེ་ཉིད་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཇོ་བོ་རྗེ་ཨ་ཏི་ཤ། ལྷ་བཙུན་བྱང་ཆུབ་འོད། འལ་པ་བྱང་ཆུབ་རྡོ་རྗེ། རྒྱ་ལྕགས་རི་གོང་ཁ་བ། ཐང་སྟོད་པ་ཆོས་འོད། ཞང་པ། གཟི་བ་དོན་གྲུབ་མགོན། བར་ཐང་པ་ཡབ་སྲས། དར་མ་ཤཱཀྱ། བསོད་ནམས་དབང་ཕྱུག ལོ་ཙཱ་བ་མཆོག་ལྡན། ཀུ་མཱ་ར་པྲ་བྷ། ཀིརྟི་ཤྲཱི་བྷ་དྲ། ཀུན་མཁྱེན་འཕགས་པ། བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། སློབ་དཔོན་རིན་པོ་ཆེ། དེས་བདག་ལའོ།། །།བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་མཚན་མ་བཞི་བཅུས་བསྐོར་བའི་སྒྲུབ་ཐབས་དྲག་པོ་བདུད་འཇོམས་ལོ་