R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༦༢
[A:༡༦༢]དུ་གནོད་སྦྱིན་ལྷ་དགུ་མཚན་མ་བཅུ་གཉིས། ཕྱི་མའི་ཤར་ལྷོར་ཞི་བ་མདུང་གི་དཀྱིལ་འཁོར་དུ། དབང་ཕྱུག་གཙོ་འཁོར་སུམ་ཅུ་ཐམ་པ་ཡི་གེ་དང་བཅས་པ། ལྷོ་ནུབ་ཏུ་མ་མོའི་དཀྱིལ་འཁོར་དུ་ནག་པོ་ཆེན་པོ་གཙོ་འཁོར་ལྷ་བཅུ་གསུམ། ནུབ་བྱང་དུ། མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་རྒྱལ་བར་བྱེད་པ་གཙོ་འཁོར་བཅུ་གཅིག བྱང་ཤར་དུ་སྲིང་མོ་བཞིའི་དཀྱིལ་འཁོར་དུ་སྲིང་མོ་བཞི་མཚན་མ་བཞི་དང་བཅས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ། ༈ །དབང་ཡང་དག་པར་ཐོབ་པའི་བརྒྱུད་པ་ནི། བུདྡྷ་བཻ་རོ་ཙཱ་ན།
སངས་རྒྱས་རྣམ་པར་སྣང་མཛད
། བཛྲ་པཱ་ཎི།
ཕྱག་རྡོར
། ར་བཱི་ཤྲཱིཿ་
ཉི་མའི་དཔལ
། བཛྲ་ཝརྨཱ།
རྡོ་རྗེ་གོ་ཆ
། ཨཱ་ནནྡ་གརྦྷ།
ཀུན་སྙིང༌
། མཉྫུ་ཤྲཱི་བི་མ་ལ་ཀཱིརྟི།
འཇམ་དཔལ་དྲི་མེད་གྲགས་པ
། སུ་བྷུ་ཏི་པ་ལི་ཏ།
རབ་འབྱོར་སྐྱངས
། ཤྲཱདྡྷ་ཀཱ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། སྐྱང་པོ་ཆོས་ཀྱི་བློ་གྲོས། སུམ་སྟོན་ཡེས་འབར། ལྕེ་ཞར་བ། སྤྲུ་སྟོན་པ། འབར་ཐོག རྩངས་ཡང་དག་རྡོ་རྗེ། རྩངས་སྨྲ་སེང༌། ལྕེ་ཇོ་མདོ། བླ་མ་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། སློབ་དཔོན་རིན་པོ་ཆེ། དེས་བདག་ལའོ།། ༈ །།ཡང་ན། རྡོ་རྗེ་འཆང་ཆེན། བཛྲ་པཱ་ཎི།
ཕྱག་རྡོར
། པྲ་ཀཱ་ཤ་ཙནྡྲ།
རབ་གསལ་ཟླ་བ
། རཱ་ཧཱུ་ལ་བྷ་དྲ།
སྒྲ་གཅན་འཛིན་བཟང་པོ
། ཀུན་དགའ་སྙིང་པོ། པྲ་ཛྙཱ་ཝ་ལི་ཏ། པྲ་ཛྙཱ་བོདྡྷི། དྷརྨཱ་པཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། རྒྱ་ཡེ་ཤེས་ཚུལ་ཁྲིམས། གཉལ་པ་ཉི་མ་ཤེས་རབ། མནུར་ཉི་མ་འོད་ཟེར། རྩ་སྐྱ་དཀོན་མཆོག་གྲགས། བླ་མ་ཤཱཀྱ་འབུམ། དབུས་པ་སངས་རྒྱས་འབུམ། བླ་མ་ཆོས་སྐུ་འོད་ཟེར། བླ་མ་འཕགས་པ་མན་སྔར་བཞིན་ནོ། ༈ །དཔལ་མཆོག་རིགས་སོ་སོ་བའི་དེ་བཞིན་གཤེགས་པའི་རིགས་རྡོ་རྗེ་སེམས་དཔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་རྫོགས་པར་ཐོབ་པའི་བརྒྱུད་