R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༦༨
[A:༡༦༨]ཤིས། རྟག་པ་ཇོ་བཟངས། ལོ་ཙཱ་བ་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག རིན་པོ་ཆེ་ཁྲོ་ཕུ་བ་བསོད་ནམས་སེང་གེ བླ་མ་ཡང་རྩེ་བ་རིན་ཆེན་སེང་གེ ཆོས་རྗེ་བུ་རིན་པོ་ཆེ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། རྡོ་རྗེ་འཛིན་པ་ཆེན་པོ་ཡེ་ཤེས་རྒྱ་མཚོ། དེའི་ཐུགས་རྗེས་བདག་སྔགས་འཆང་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ལ་གནང་བའོ། ༈ །རྗེ་འདི་ཉིད་ཀྱི་རྩ་བའི་བླ་མ་རིན་པོ་ཆེ་གྲགས་པ་རྒྱལ་མཚན་པ་ལས། བྱིས་པའི་དུས་སུ་ཚེ་དབང་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། གརྦྷ་པཱ་དང༌། ཛེ་ཏ་རཱི། བོདྡྷི་བྷ་དྲ། ས་མཱ་དྷི་བྷ་དྲ། བཛྲ་ཨཱ་པ་ན། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། རྒྱ་གཞུང་ཕུག་པ། མཛད་པ་ཤེས་རབ་རིན་ཆེན། ཨེ་པ་འཁོན་སྟོན། བླ་མ་འཇམ་དབྱངས་ཆེན་པོ། བླ་མ་རྒྱལ་བ་ཡེ་ཤེས། གྲགས་པ་དཔལ་བཟངས། ཆོས་འཕགས་རྒྱལ་མཚན། ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན་པ། དེས་བདག་ལ་གནང་བའོ། །ཛེ་ཏཱ་རིའི་ལུགས་ལྷ་དགུ་མའི་དབང་ཡིན་ནོ།། །། ༄། །ཆོས་ཀྱི་རྗེ་རྒྱལ་བའི་གསུང་གི་མཛོད་འཛིན་སེམས་དཔའ་ཆེན་པོ། ཤཱཀྱ་རྒྱལ་མཚན་ཞབས་ལས། རྒྱུད་འབུམ་སྐོར་གྱི་ཐོབ་ཡིག ན་མོ་བཛྲ་དྷ་རཱ་ཡཱ། གང་གིས་སངས་རྒྱས་སར་འགྲོ་བ། །དེ་ཡི་ལམ་མཁན་མཆོག་གྱུར་པ། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །དེ་ཡི་དྲིན་གྱིས་བརྙེད་པའི་ནོར། །དུས་གསུམ་རྒྱལ་བའི་བསྒྲོད་པ་གཅིག་པའི་ལམ། །ཉེ་ལམ་ཟབ་མོ་རྡོ་རྗེ་ཐེག་པ་ཡི། །རྒྱུད་སྡེ་རྒྱ་མཚོ་