R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༧༨
[A:༡༧༨]འགྱུར། དེ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས། ཆོས་རྗེ་ས་སྐྱ་པཎྜི་ཏའི་བར་བརྟག་གཉིས་དང་མཐུན། དེ་ནས་ཁ་སྟོན་རྡོ་རྗེ་རྒྱལ་མཚན། བློ་ཆེན་སངས་རྒྱས། བདེ་བ་ཅན་པ་སེང་རྒྱལ། བླ་མ་དཀོན་མཆོག་སེང་གེ གར་ཐིག་པ། མཁན་ཆེན་ཤེས་རྡོར་བ་ནས་གོང་དང་འདྲ། ༈ གསུམ་པ།
གསལ་པོ་མི་འདུག
སངས་རྒྱས་ཐོད་པ་ཞེས་བྱ་བ། རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་བཞི་པ། པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་བཞི་ཡོད། བརྒྱུད་པ་ནི། རྡོ་རྗེ་འཆང༌། ཌཱ་ཀི་མ། ལཱུ་ཧི་པ། ཏཻ་ལོ་པ། ནཱ་རོ་པ། ག་ཡ་དྷ་ར། འབྲོག་མི། མཚུར་སྟོན་དབང་ངེ༌། སྤུག་ཐམས་ཅད་མཁྱེན་པ། སྤུག་དྷརྨྨ་ཀེ་རུ། ཇོ་གདན་གཉལ་པ། བློ་ཆེན་སངས་རྒྱས་སྲས། བདེ་བ་ཅན་པ། བླ་མ་གར་ཐིག་པ། མཁན་ཆེན་ཤེས་རྡོར་ནས་འདྲའོ། ༈ །བཞི་པ། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་གསུམ་པ། ལོ་ཙཱ་བ་མགོས་ལྷས་བཙས་ཀྱི་བསྒྱུར་བ་འདི་ལ་དཀྱིལ་འཁོར་གཅིག་ཡོད་དོ། །བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་སྙིང་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཀུ་ཀུ་རི་པ། མཚོ་སྐྱེས་རྡོ་རྗེ། ཌོཾ་བྷི་བ། ཏཻ་ལོ་པ། ནཱ་རོ་པ། བལ་པོ་ཤཱནྟ་བྷ་དྲ། མར་པ་ལོ་ཙཱ་བ། རྔོག་ཆོས་རྡོར། རྔོག་མདོ་སྡེ། རྔོག་ཚ་ཆོས་སྐུ། རྔོག་ཚ་དཀོན་མཆོག ཀློག་ཀྱ་དབང་ཕྱུག་གྲགས། ལྷོ་པ་ཤེས་རབ་དཔལ། བླ་མ་འཕགས་པ། བླ་ཆེན་སངས་རྒྱས་སྲས་མན་གོང་དང་འདྲའོ། །ལྔ་པ་རི་གི་ཨ་ར་ལིའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་བཅུ་བཞི་པཎྜི་ཏ་ག་ཡ་དྷ་ར་དང༌། ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ། རྡོ་རྗེ་ཨ་ར་ལིའི་རྒྱུད་ཀྱི་རྒྱལ་པོ་ལེའུ་བཅུ་པ་འགྱུར་སྔ་མ་བཞིན། འདི་གཉིས་ལ་དཀྱིལ་འཁོར་རེ་རེ་ཡོད་དོ། །བརྒྱུད་པ་གོང་གི་ར་ལི་སོ་གཉིས་དང་འདྲའོ། །གསུམ་པ་ལ།
གསལ་པོ་མི་འདུག
རྡོ་རྗེ་གདན་བཞིའི་རྒྱུད། གདན་བཞི་