R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༨༡
[A:༡༨༡]པ། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཉི་མ་སྦས་པ། ཛེ་ཏཱ་རི། ངག་དབང་གྲགས་པ། མ་ན་ཀཱ་ཤྲཱིཿ མལ་ལོ་ཙཱ་བ། མཆིམས་བརྩོན་སེང༌། མཆིམས་བློ་བརྟན། དབང་ཕྱུག་རིན་ཆེན། ཁམས་པ་ཤཱཀྱ་རྡོ་རྗེ། དབུས་པ་སངས་རྒྱས་འབུམ། ལོ་མཆོག བག་སྟོན་པ། མཁན་ཆེན་ཤེས་རྡོར་བ་ནས། གོང་བཞིན་ནོ། །རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ་ཆོས་རྗེ་ས་སྐྱ་པས་བསྒྱུར་བ། འདི་རྩ་རྒྱུད་ལས་ཕྱུང་བ་ཡིན་པས་གླེང་གཞི་མེད་ཅིང༌། བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཀླུ་སྒྲུབ། ཨཱརྻ་དེ་བ། མ་ཏངྒི། བི་ཁྱཱ་ཏ་དེ་བ། པཎ་ཆེན་ཤཱཀྱ་ཤྲཱིཿ ཏ་ཐཱ་ག་ཏ་ཤྲཱི། ཆོས་རྗེ་ས་པཎ། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚ་ལུང་མངས་པོ། བློ་ཆེན། བདེ་བ་ཅན་པ། གར་ཐིག་པ། མཁན་ཆེན་ཤེས་རྡོར་བ་ནས་འདྲའོ། །ནག་པོ་ཆེན་པོ་
མགོན་པོ་མངོན་འབྱུང་ཞེས་ཀྱང་བྱ
། ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལེའུ་ལྔ་བཅུ་པ། པཎྜི་ཏ་ས་མནྟ་ཤྲཱི་དང༌། རཱ་ཆོས་རབ་ཀྱི་བསྒྱུར་བ་འདི་ལ་མངོན་རྟོགས་ཀྱི་ཕྱེ་ན་དཀྱིལ་འཁོར་དྲུག་ཏུ་འགྱུར་རོ། །བརྒྱུད་པ་ནི། བྷ་རོ། རྭ་ལོ་ཙཱ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྒྭ་ལོ། རྭ་ཤེས་རྒྱལ། བློ་ཆེན་པ། བདེ་བ་ཅན་པ། གར་ཐིག་པ། མཁན་ཆེན་པ་ནས་གོང་བཞིན་ནོ།། ༈ །།ཇི་བཞིན་བསྙེས་པ་ནམ་མཁའ་དང་མཉམ་པའི་རྒྱུད་ལེའུ་ལྔ་པ། པཎྜི་ཏ་ཀྵ་ཀ་ག་ན་དང༌། ལོ་ཙཱ་བ་མང་འོར་བྱང་ཆུབ་ཤེས་རབ་ཀྱིས་བསྒྱུར་བ། འདི་ལ་དཀྱིལ་འཁོར་གསུམ་ཡོད་དོ། །བརྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཀླུ་སྒྲུབ། ཤ་ར་པ། ལཱུ་ཧི་པ། དཱ་རི་ཀ་པ། གནྡྷ་པ། རུས་སྦལ་ཞབས། ཛཱ་ལནྡྷ་ར། ཀཧྣ་པ། གུ་ཧྱ་པ། རྣམ་པར་རྒྱལ་བའི་ཞབས་ཅན། བར་མའི་སློབ་དཔོན། ཏཻ་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་རྩེགས། མལ་ལོ་ཙཱ་བ། རྗེ་ས་ཆེན། སློབ་དཔོན་པ། རྗེ་བཙུན་པ། ཆོས་རྗེ་ས་སྐྱ་