R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༨༥
[A:༡༨༥]དང༌། ལོ་ཙཱ་བ་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར་བ་འདི་རྣམས་ལ་དཀྱིལ་འཁོར་གཅིག་གོ རྒྱུད་པ་གསན་ཡིག་ན་མི་གཞུགས། རྨི་ལམ་མཐོང་བ་ཞེས་བྱ་བའི་གཟུངས། ཕྱག་ན་རྡོ་རྗེ་མེ་ལྕེའི་རྒྱུད་ལེའུ་
གསན་ཡིག་ན་ལེའུ་བཅོ་ལྔ་པ་འདི་ལགས
། བཅོ་ལྔ་པ་དང༌། ལེའུ་བཅུ་གཉིས་པ་བྱས་པ་གཉིས། རྒྱ་གར་གྱི་མཁན་པོ་རཏྣ་ཀཱིརྟི་དང༌། བོད་ཀྱི་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱི་བསྒྱུར་བ། འདི་གཉིས་ལ་དཀྱིལ་འཁོར་རེ་རེའོ། །བརྒྱུད་པ་ནི། སངས་རྒྱས་ནས་རས་ཆུང་པའི་བར་གོང་བཞིན་ནོ། །དེ་ནས་གཤེན་ཆུང་བ། དཀོན་མཆོག་རྡོ་རྗེ། འོད་འབར་བཀྲ་ཤིས་གྲུབ། ཕུག་པོ་ཆེ་པ། ཤཱཀྱ་རྡོ་རྗེ། ཆོས་སེང༌། ཐུགས་རྗེ་སེང་གེ ལོ་མཆོག བག་སྟོན་པ། སེང་རྒྱལ། གར་ཐིག་པ། མཁན་ཆེན་པ་མན་འདྲའོ། །རྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བ་གཉན་དར་མ་གྲགས་ཀྱི་འགྱུར། འདི་ལ་དཀྱིལ་འཁོར་གཉིས་སོ། །ཕྱག་ན་རྡོ་རྗེ་གསང་བ་བསྟན་པའི་རྒྱུད། ལེའུ་བདུན་པ། འདི་ལ་འཁོར་མི་འདྲ་བ་ཕྱེ་བས་དཀྱིལ་འཁོར་གསུམ་ཡོད། ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ལེའུ་ཉི་ཤུ་གཅིག་པ། འདི་ལ་དཀྱིལ་འཁོར་ལྔ་ཡོད་དོ། །འདི་དང་སྔ་མ་གཉིས་པཎྜི་ཏ་བ་ལ་ཙནྡྲ་དང༌། ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱི་འགྱུར། བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། འབར་བའི་གཙོ། ཞིང་གི་རྡོ་རྗེ། རྔོག་ཤེས་རབ་གྲགས། རྔོག་བྷ་བ། འབྱུང་གནས་སེང་གེ ཤཱཀྱ་གཞོན་ནུ། བློ་ལྡན་སེང་གེ བླ་མ་བག་སྟོན་པ། བླ་མ་སངས་རྒྱས་དཔལ། སེང་རྒྱལ། གར་ཐིག་པ། མཁན་ཆེན་ཤེས་རྡོར་བ་མན་འདྲའོ། །ཕྱག་ན་རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད། ལེའུ་བཅུ་བདུན་དུམ་བུ་གསུམ་པ། ཛྙཱ་ན་ཀ་རའི་འགྱུར། བརྒྱུད་པ་ནི། རྡོ་རྗེ་གདེངས་པའི་རྒྱུད་བཞིན་ནོ།། ༈ །།ཅ་པ་ལ། གཉིས་པ་རྣམ་པར་སྣང་མཛད་ཀྱི་རིགས་སུ་གཏོགས་པའི་རྒྱུད་ལ། འཕགས་པ་སྒྱུ་འཕྲུལ་དྲྭ་བ་སྟོང་