R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༨༧
[A:༡༨༧]ལ་དཀྱིལ་འཁོར་དགུ་ཡོད་དེ། བརྒྱུད་པ་ནི། རྡོ་རྗེ་འཆང༌། མཉྫུ་ཤྲཱིཿ བུདྡྷ་ཤྲཱི་ཛྙཱ་ན། དཱི་པཾ་ཀ་ར་ཤྲཱི་བྷ་དྲ། ལ་ལི་ཏ་བཛྲ། པུ་ཧཱུ་པུ་ར་པ། ཤོ་ན་པ། ཨ་ཝ་ལི་ནི་པ། གུ་ན་བྷ་དྲ། ཝ་གི་ཤྭ་ར་ཀཱིརྟི། དི་བ་ཨཱ་ཀཱ་ར་ཙནྡྲ།
ཉིན་འབྱུང་ཟླ་བ
། ཨ་མོ་གྷ་བཛྲ། ཞང་ཤེས་རབ་བླ་མ། སཾ་གྷ་བཛྲ། གཅེན་རྡོ་རྗེ་རྩེ་མོ། གཅུང་ཙཱ་འོད། གཡུལ་ལས་རྣམ་རྒྱལ། བསྟན་བཟངས་པ། སངས་རྒྱས་འབྱུང་བ། འཛིམས་པ། འཇམ་དབྱངས། ཡེ་ཤེས་མགོན། སེང་རྒྱལ། གར་ཐིག་པ། མཁན་ཆེན་པ་མན་འདྲའོ། ༈ །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པ་པཎྜི་ཏ་བ་རོ་ཕྱག་བསྡུམ་དང༌། རྭ་ཆོས་རབ་ཀྱི་འགྱུར། འདི་ལ་དངོས་སུ་དཀྱིལ་འཁོར་གཅིག པཎྜི་ཏ་འགས་གསུམ་དུ་དགོངས་པར་བཀྲལ་ལོ། །འཇིགས་བྱེད་ཀྱི་རྒྱུད་རྟོག་པ་གསུམ་པ་དང༌། གཤིན་རྗེའི་གཤེད་ནག་པོའི་འཁོར་ལོ་ལས་ཐམས་ཅད་སྒྲུབ་པར་བྱེད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། སྡོམ་ཚིག་གསུམ་གྱིས་བསྡུས་པ། པཎྜི་ཏ་བ་རོ་ཕྱག་བསྡུམ་དང༌། རྭ་ཆོས་རབ་ཀྱིས་བསྒྱུར་བ། འདི་ལ་དངོས་སུ་དཀྱིལ་འཁོར་གཅིག་སྣང༌། བླ་མ་དག་གསུམ་དུ་བྱེད་དོ། །བརྒྱུད་པ་ནི། རྡོ་རྗེ་འཆང༌། ཌཱ་ཀི་མ། ཏཻ་ལོ་པ། ནཱ་རོ་པ། པྲ་ཛྙཱ་རཀྵི་ཏ། མཉྫེ་གླིང་པ། རྭ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་དར་མ་སེང་གེ རྭ་དཀོན་སེང༌། རྭ་ཤེས་རྒྱལ། ཁམས་པ་བྱང་ཆུབ་དཔལ། ལོ་མཆོག བློ་ཆེན། བདེ་བ་ཅན་པ་ཡེ་ཤེས་མགོན། བདེ་བ་ཅན་པ་སེང་རྒྱལ། གར་ཐིག་པ། མཁན་ཆེན་པ་མན་འདྲ། གཏམ་རྒྱུད་ཀྱི་རྟོག་པ། ཤྲཱི་རི་པ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། བདག་གོ ༈ །རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ཀྱི་རྒྱལ་པོའི་ལས་དངོས་གྲུབ་ཀྱི་རྟོག་པ་ཞེས་བྱ་བ་རྟོག་པ་བཞི་པར་གྲགས་པ། མར་པ་ཆོས་དབང་གི་འགྱུར། དཔལ་གཤིན་རྗེ་གཤེད་དམར་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། ལེའུ་བཅུ་