R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༤
[A:༡༤]པ། འགྲུབ་སྦྱོར། ལོ་དང་དུས་ཚེས་ངོས་བཟུང་བ་རྣམས་སོ།། ༼ཚ༽པ་ལ། འབྱུང་ཊཱིཀ སྦྱོང་རྒྱུད་ཀྱི་ལོ་རྒྱུས། བསྡུས་དོན་ཉུང་ངུ༌། སྤྱི་དོན་རྣམས། སྦྱོང་རྒྱུད་ཀྱི་བསྡུས་དོན་རྒྱས་པ། རབ་གནས་དོན་གསལ། གཞན་ཕན་འོད་ཟེར། ཉེར་མཁོ། ཀུན་རིག་གི་ཞི་བའི་སྦྱིན་བསྲེག་དང༌། རོ་བསྲེག དོན་ཞགས་ལག་ལེན། སྒྲོལ་མ་སྤྱི་དང་སོ་སོའི་སྒྲུབ་ཐབས། བསྟོད་པ་འདོན་པ་རྣམས་ཀྱི་བརྗེད་བྱང༌། ཉེར་གཅིག་གི་ལས་ཚོགས། ཉི་མ་སྦས་པས་མཛད་པའི་གཞུང་གི་ཊཱི་ཀ བསྡུས་དོན་མན་ངག་དང་བཅས་པ། སྒྲོལ་མའི་སྒྲུབ་ཐབས་ཡན་ལག་དྲུག་པ། ཉིན་ཞི་མཚན་ཁྲོར་བསྒྲུབ་པ་སྒྲོལ་མ་མཎྜལ་བཞི། ཉེར་གཅིག་གི་ལས་ཚོགས་བསྡུས་དོན། འཆིམས་ཆོས་སེང་ལ་སྤྲིང་ཡིག ཀུ་རུ་ཀུལླེའི་སྒྲུབ་ཐབས། ཚོགས་བདག་དམར་པོའི་སྒྲུབ་ཐབས། དཔུང་བཟང་གི་མདོ་འགྲེལ། སྒྲུབ་ཐབས་བརྒྱ་རྩའི་ཊཱི་ཀ རིགས་གསུམ་རིགས་གཏད། ཨརྒའི་
མཆོད་ཡོན
། ཆོ་ག ཆོས་སྤྱོད་རིན་ཆེན་འཕྲེང་བ། གཏོར་མ་བརྒྱ་རྩ། སྨན་དཔྱད་རྒྱལ་པོའི་དཀོར་མཛོད། ཞེན་པ་བཞི་བྲལ། ཉམས་མགུར། ཉམས་མགུར་ཆེན་མོ། ཁམས་སེང་དང་བེ་སྟོན་ལ་གསུངས་པ། རྨི་ལམ་ཉམས་ལེན་བརྒྱད། ངང་དྲུག འཁོར་བ་ལ་སྐྲག་པ། འཚལ་བརྒྱད། ཚུལ་རྡོར་ལ་གདམས་པ། རང་ལ་བསྐུལ་བ། ཡེ་ཤེས་རྡོ་རྗེ་དང༌། རིགས་འཛིན་གྲགས་ལ་གསུངས་པ་རྣམས་ཀྱི་མགུར། སྡེ་པའི་གྱེས་མདོ། རྒྱ་བོད་ཀྱི་རྒྱལ་རབས། ཕྱག་ཡིག་དགུ་ཕྲུགས་རྣམས་སོ།། ༈ །།ཆོས་རྗེ་ས་པཎ་གྱི་བཀའ་འབུམ་༼ཇ༽པ་ལ། བླ་མ་དམ་པ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པའི་རབ་བྱེད་གཉིས་པ། གདུང་བརྒྱུད་རྣམ་པར་དག་པ་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ་བསྟོད་པ། རྗེ་བཙུན་ཆེན་པོའི་རྣམ་ཐར། རྣལ་འབྱོར་དབང་ཕྱུག་བིརྺ་པ་ལ་གསོལ་བ་གདབ་