[A:i-1]༄། །གླེང་བརྗོད།
༈ འདས་པའི་ལོ་ཤས་སྔོན་ནས་གོང་དཀར་ཆོས་སྡེའི་བླ་མ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་(1432-96) གྱི་གསུང་པར་བསྐྲུན་བྱ་རྒྱུའི་འཆར་གཞི་ཡོད། དེ་རྗེས་ཕྱི་ལོ་༢༠༠༡ ལོར་ཁོང་གི་རྣམ་ཐར་༼ངོ་མཚར་རིན་པོ་ཆེའི་གཏེར་མཛོད་༽པར་བསྐྲུན་བྱས་ནས་གོམ་པ་དང་པོ་དེ་ཆགས་ཡོད། སྤྱིར་བཏང་བླ་མ་རྡོ་རྗེ་གདན་པ་རང་གི་གསུངས་པ་ས་སྐྱ་རྫོང་ལུགས་ཀྱི་སྐོར་ད་ལྟ་ཡོད་པའི་ཡིག་ཆ་དཀོན་པོ་ཡིན་དུས་དེ་ནི་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ལོས་ཡིན། སྐབས་འདི་བླ་མ་དེའི་གསུང་གི་ནང་ལས་ཆ་ཤས་ཞིག་ཡིན་ན་ཡང་གསན་ཡིག་འདིར་བླ་མ་དེའི་དམིགས་གསལ་མཛད་འཕྲིན་དང༌། བོད་ནང་གི་རྡོ་རྗེ་ཐེག་པའི་བསྟན་པ་བརྒྱུད་པའི་ལོ་རྒྱུས་གསལ་པོ་བྱས་ནས་བསྟན་ཡོད་དུས་དེབ་འདིར་དམིགས་གསལ་ཁྱད་ཆོས་མ་འདྲ་བ་ཞིག་ཡོད།། རྫོང་ལུགས་ནི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་(1312-75) གྱི་སློབ་མ་ནས་བརྒྱུད་པ་ཞིག་རེད། འཇམ་མགོན་ཨ་མེས་ཞབས་ཀྱིས་གསུངས་པ་ལྟར་ན། དེ་ལ་སྔ་རབས་དང༌། ཕྱི་རབས་གཉིས་སུ་དབྱེ་དགོས་པར་གསུངས། བླ་མ་དམ་པར་གསུང་ངག་འཛིན་པའི་ཐུགས་སྲས་བརྒྱད་ཡོད་པའི་ནང་རྫོང་ཆུང་བ་སྔགས་འཆང་གཟུངས་གྱི་དཔལ་བ་དང༌། ངོར་ལུགས་སྲོལ་འབྱེད་པ་པོ་བླ་མ་དཔལ་ལྡན་ཚུལ་ཁྲིམས་1333-99 གཉིས་ཡང་ཡིན། རྫོང་ཆུང་བ་བཞུགས་ས་ས་སྐྱ་རྫོང་ཆུང་བླ་བྲང་ཡིན་དུས་མཚན་ཡང་འདི་ལྟར་ཆགས། ཁོང་ནས་བརྒྱུད་པའི་ལམ་འབྲས་སྐོར་དེ་སྔ་རབས་པ་ཡིན་ལ། དེ་ནས་ཆོས་རྗེ་བཟང་པོ་རྒྱལ་མཚན་དང༌། རྒྱལ་མཚན་དཀོན་མཆོག་བརྒྱུད་ནས་མུས་སྲད་པ་བྱམས་པ་རྡོ་རྗེ་