R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༩༧
[A:༡༩༧]གཟུངས། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པ་ཞེས་བྱ་བའི་གཟུངས།
འདིའི་ལུང་མ་ཐོབ
། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨྨ་དང༌། སུ་རེནྡྲ་བོདྡྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་ཞུས་ཅིང་གཏན་ལ་ཕབ་པའོ། །སྒྲོལ་མ་མཆོག་གི་གཟུངས་ཞེས་བྱ་བ། འཕགས་པ་གཟུངས་ཆེན་མོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཉུང་ངུ༌། འདི་ཡུམ་གྱི་རིགས་སུ་བྱས་ནའང་རིགས་མོད་ཀྱི། གཟུངས་སྤྱིའི་ཆོ་ག་ཀུན་སྣང་གསལ་བ་ལས་ཐུབ་པའི་གཟུངས་སུ་བཤད་ཅིང༌། མདོའི་ནང་ནས་ཐུབ་པའི་སྙིང་པོ་སྟོན་པ་ཡིན་པས་ཐུབ་པར་ཡང་མི་འགལ་ལོ། །ཤེར་ཕྱིན་གྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། པཎྜི་ཏ་བི་མ་ལ་མི་ཏྲ་དང༌། ལོ་ཙཱ་བ་སྒྲོ་རིན་ཆེན་སྡེའི་འགྱུར། འདི་ཡང་ཡུམ་གྱི་སྐོར་དུ་བྱས་ཤིང་རིགས་མོད་ཀྱི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུབ་པ་གཙོ་འཁོར་ལྔའི་སྒྲུབ་ཐབས་མཛད་པས་དེ་ལ་བརྟེན་ནས་ཐུབ་པར་མཛད་དོ། །སངས་རྒྱས་འཁོར་དང་བཅས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་འདི། གཞན་གྱི་མི་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་རིགས་ཀྱི་གཟུངས་ཆེན་པོ་གཅིག་ཡོད་པར་བཤད། དེ་ནས་ཕྱུང་བ་ཡིན་པ་འདྲའོ། །འདི་ཉིད་ནས། གཞན་གྱིས་མི་ཐུབ་གཟུངས་གསན་ནས། །ཞེས་གསུངས་པའི་ཕྱིར་རོ། །ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས། འཕགས་པ་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བའི་གཟུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས།
འདི་ཟློས་སམ་བརྟག
ཟླ་འོད་ཀྱི་མཚན་རྗེས་སུ་དྲན་པའི་གཟུངས། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་སུ་དྲན་པའི་གཟུངས། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་རྗེས་སུ་དྲན་པའི་གཟུངས། མཆོད་པའི་སྤྲིན་གྱི་གཟུངས། འཕགས་པ་པད་མ་ཅན་ཞེས་བྱ་བའི་