[A:༢༠༢]གཟུངས། ལྷ་ཡུལ་མ་ཆུང་བར་གྲགས་པ་ཁ་ཆེའི་པཎྜི་ཏ་མ་ཧཱ་ཛ་ནའི་རང་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། ཡང་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། པཎྜི་ཏ་ཆོས་ཀྱི་སྡེ་དང༌། བ་རི་ལོ་ཙཱ་བའི་འགྱུར། ཡང་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ་ཆུང་བ། འཕགས་པ་ངན་འགྲོ་ཐམས་ཅད་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོདྡྷི་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར་རོ། །གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཞེས་བྱ་བའི་རྟོག་པ་རབ་བྱེད་དང་པོ། མཁན་ཆེན་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། འདི་ལ་སྔགས་ཨོཾ་དགུ་མ་དང༌། ལྷ་སུམ་ཅུ་སོ་གསུམ་གྱི་དཀྱིལ་ཆོག་ཡོད། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས། འདི་ལ་འགྲེལ་པས་དཀྱིལ་འཁོར་བརྒྱད་གསུངས་སོ། །ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས་འདི་གཙུག་ཏོར་དྲི་མེད་ཀྱི་ལག་ལེན་དུ་སྣང་སྟེ། རྒྱུད་རང་ཡིན་མིན་ཐེ་ཚོམ་ཟའོ། །མཆོད་རྟེན་གཅིག་བཏབ་པས་བྱེ་བ་བཏབ་པར་འགྱུར་བའི་གཟུངས་དང་ཆོ་ག་ནི། རྣམ་སྣང་འོད་ཀྱི་རྒྱལ་པོའི་གཟུངས་ནས། བོད་ཀྱིས་གང་མཁོ་བ་རྣམས་བསྡུས་པར་སྣང་ངོ༌། །འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས། པཎྜི་ཏ་བིདྷྱ་ཀ་ར་སིངྷ་དང༌། ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་བའོ། །འདི་གཙུག་ཏོར་དངོས་མ་ཡིན་ཀྱང་གཙུག་ཏོར་དང་ཆ་མཐུན་ཞིང་མཆོད་རྟེན་བྱ་བའི་ཚུལ་དང་ཆོ་ག་མཐུན་པས་ཕྱོགས་གཅིག་ཏུ་བཀོད་དོ། །སྙིང་རྗེའི་མཆོག་ཅེས་བྱ་བའི་