[A:༢༠༤]འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིགས་སྔགས། འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བ། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་མདོ། ལོ་པཎ་གོང་བཞིན། འཕགས་པ་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། རིམས་ནད་ཞི་བར་བྱེད་པའི་གཟུངས། འཕགས་པ་རིམས་རབ་ཏུ་ཞི་བར་བྱེད་པའི་གཟུངས། འབྲུམ་བུའི་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས། མདངས་ཕྱིར་མི་འཕྲོག་པ་ཞེས་བྱ་བ། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། བནྡྷེ་ཡེ་ཤེས་སྡེའི་འགྱུར། འཕགས་པ་མི་རྒོད་རྣམ་པར་འཇོམས་པར་ཞེས་བྱ་བའི་གཟུངས། འཕགས་པ་བར་དུ་གཅོད་པ་ཐམས་ཅད་སེལ་བའི་གཟུངས་སྔགས་ཕོ་ཉའི་འཁོར་དུ་གཏོགས་པ་བཀའ་ཉན་ཕོ་ཉ་མོ་ལ། འཕགས་པ་མི་གཡོ་བའི་གཟུངས་ལེའུ་དགུ་པ། པཎྜི་ཏ་དྷརྨྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། ཁྲོ་བོའི་རྒྱལ་པོ་རྟོག་པ་བསྡུས་པའི་རྒྱུད་ཅེས་བྱ་བ་ལེའུ་བཅུ་པ། འཕགས་པ་གསེར་ཅན་ཞེས་བྱ་བའི་གཟུངས། པཎྜི་ཏ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཡེ་ཤེས་སྡེའི་འགྱུར། བདུན་པ་ལ། དེ་བཞིན་གཤེགས་པའི་རིགས་སུ་བསྡུད་པའི་བྱང་ཆུབ་སེམས་དཔའི་སྐོར་ལ། སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ནམ་མཁའི་སྙིང་པོ། ཀུན་ཏུ་བཟང་པོ། ལག་ན་རྡོ་རྗེ། འཇམ་དཔལ། སྒྲིབ་པ་རྣམ་སེལ། སའི་སྙིང་པོ་རྣམས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་སྟེ། བརྒྱད་པོ་འདི་སྔར་གྱི་གླེགས་བམ་རྣམས་སུ་སངས་རྒྱས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་དང་སྦྲེལ་ནས་འབྱུང་ཞིང༌། གླེང་གཞི་བཞི་ཕལ་ཆེར་འབྲེལ་ནས་འདུག་པས། རྒྱུད་གཅིག་ནས་ཕྱུང་བ་ཡིན་ན་དེའི་ཁོངས་སུ་གཏོགས་ལ། སེམས་དཔའ་སོ་