R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༠༨
[A:༢༠༨]ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་རིགས་སྔགས་ཀྱི་སྙིང་པོ་བནྡྷེ་ཆོས་གྲུབ་ཀྱི་རྒྱའི་དཔེ་ལས་བསྒྱུར་བ། སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས། འཕགས་པ་ནཱི་ལ་ཀནྠ་ཞེས་བྱ་བའི་གཟུངས། སྙིང་རྗེ་མི་ཤོམ་པ་ཞེས་བྱ་བའི་གཟུངས། ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས། འཇིག་རྟེན་དབང་ཕྱུག་གི་རྟོག་པ། པཎྜི་ཏ་ཛམྦྷ་ལ་དང༌། ལོ་ཙཱ་བ་བ་རིའི་འགྱུར། འདི་བྱ་རྒྱུད་ཡིན་མིན་བརྟག་གོ །ཐུགས་རྗེ་ཆེན་པོ་པད་མ་ཅོད་པཎ་གྱི་རྒྱུད་ལེའུ་བཅུ་གཅིག་པ་པཎྜི་ཏ་དྷརྨྨ་ཤྲཱི་མི་ཏྲི་དང༌། ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་འགྱུར། འདིའི་བརྒྱུད་པ་པད་མ་དྲྭ་བ་དང་མཐུན་ནོ། །སེང་གེ་སྒྲའི་རྒྱུད། པཎྜི་ཏ་པྲ་ཛྙཱ་ཀ་ར་དང༌། ལོ་ཙཱ་བ་མགོས་ཁུག་པ་ལྷ་བཙས་ཀྱི་འགྱུར། སྤྱན་རས་གཟིགས་སེང་གེ་སྒྲའི་གཟུངས། རྗེ་བཙུན་མ་རྡོ་རྗེ་སེམས་མ་དང༌། ལོ་ཙཱ་བ་འགར་ཤེས་རབ་འབྱུང་གནས་ཀྱི་འགྱུར། སེང་གེ་སྒྲས་དམ་བཅས་པའི་གཟུངས། པཎྜི་ཏ་ངག་གི་དབང་ཕྱུག་དང༌། ལོ་ཙཱ་བ་ཀློག་ཀྱ་ཤེས་རབ་བརྩེགས་ཀྱི་འགྱུར།། ༈ །།ད་པ་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ། རྒྱལ་བ་ཐམས་ཅད་ཀྱི་རིང་སྲེལ་ཟ་མ་ཏོག་ཅེས་བྱ་བ། ཡང་དེ་དང་དོན་འདྲ་བ་ལ་མཚན་བརྒྱ་རྩ་ལྷུག་པར་ཡོད་པ་གཅིག་
ལུང་མ་ཐོབ
། འདི་གཉིས་འགྱུར་ཁྱད་མ་གཏོགས་པ་གཅིག་ཏུ་སྣང་ངོ༌། །འཕགས་པ་ལུས་ཀྱི་དབྱིབས་མཛེས་པ་ཞེས་བྱ་བའི་གཟུངས། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་གཞན་གྱི་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་གཟུངས། ལོ་པཎ་གོང་བཞིན། སྟོང་འགྱུར་བ་ཞེས་བྱ་བའི་གཟུངས། ཤླཽ་ཀ་རྒྱ་ལོབས་པ་ཆ་གཉིས། སྟོང་ལོབས་པ་ཆ་གཉིས། མི་བརྗེད་པའི་གཟུངས། ཤེས་རབ་བསྐྱེད་པའི་གཟུངས། པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ཀླུའི་དབང་པོའི་