[A:༢༢༤]།། ༼བ༽པ་ལ། འཕགས་པ་བློ་གྲོས་མི་ཟད་པ་བསྟན་པ་བམ་པོ་དྲུག་དྲི་མ་མེད་པར་གྲགས་པས་བསྟན་པ། ལེའུ་བཅུ་གཉིས། འཕགས་པ་འཇམ་དཔལ་གྱིས་བསྟན་པ། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པའི་སྦྱིན་པ་ལེའུ་དགུ། ཚུལ་ཁྲིམས་ཀྱི་ལེའུ་བདུན། བཟོད་པའི་ལེའུ་གསུམ། བརྩོན་འགྲུས་ལེའུ་གཅིག བསམ་གཏན་ལེའུ་བཞི་སྟེ། རེ་རེ་ལ་རྫོགས་སོ་རེ་ཡོད་པ་བམ་པོ་དྲུག་རྣམས། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་མདོ་ལེའུ་བཞི། པཎྜི་ཏ་པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་སྦྱིན་པའི་ཕན་ཡོན་བསྟན་པའི་མདོ། པཎྜི་ཏ་སུ་རེནྡྲ་བོདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། པྲ་ཛྙཱ་ཝརྨྨ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་ཀྱི་ཕྱོགས་བསྟན་པ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ཛྙཱ་ན་སིདྡྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ་བམ་པོ་གཉིས། པཎྜི་ཏ་ཤཱཀྱ་པྲ་བྷ་དང༌། ཛཱི་ན་མི་ཏྲ་དང༌། ལོ་ཙཱ་བ་དྷརྨ་ཏ་ཤཱི་ལའི་འགྱུར། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ཞེས་བྱ་བ་བམ་པོ་གསུམ་རྣམས་བཞུགས།། ༼མ༽པ་ལ། འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ་ཞེས་བྱ་བ་བམ་པོ་གསུམ། པཎྜི་ཏ་ཛྙཱ་ན་གརྦྷ་དང༌། ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་བ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པ། སངས་རྒྱས་ཀྱི་སྟོབས་བསམ་གྱིས་མི་ཁྱབ་པ་བསྟན་པ། འཕགས་པ་བྱམས་པའི་མདོ། མར་མེ་མཛད་ཀྱིས་ལུང་བསྟན་པའི་མདོ། པཎྜི་ཏ་བུདྡྷ་སིངྷ་དང༌། ལོ་ཙཱ་བ་དགེ་བ་དཔལ་གྱི་འགྱུར། བྱམས་པ་ལུང་བསྟན་པའི་མདོ། པཎྜི་ཏ་ཛི་ན་མི་ཏྲ་དང༌། ལོ་