R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༤༤
[A:༢༤༤]པ་མང་བ་ཡིན་ཞེས་དག་པར་སྨྲ་བ་རྣམས་ཞལ་འཆམ་པར་གསུང༌། དེ་གཉིས་ཀའི་སློབ་མ་པཎྜི་ཏ་སུ་མ་ཏི་ཀཱིརྟི། དེ་ལ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི། དེ་ལ་རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་ཞུས། དེས་མངའ་བདག་ཏིང་ངེ་འཛིན་བཟང་པོ། དེས་མངའ་བདག་ཉང་རལ་པ་ཅན། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་ཁང་པ་གྲགས་རྒྱལ། ཤངས་པ་གྲགས་སེང༌། སྤྱིལ་ཕུ་བ་སྟག་སྟོན་ཤེས་རབ་འོད་ཟེར། ས་སྐྱ་ཡང་དགོན་པ་བློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མགོན་པོ་འབུམ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བསོད་ནམས་སེང་གེ ཆོས་རྗེ་གྲགས་དོན་པབླ་མ་རིན་ཆེན་གྲགསབླ་མ་དམ་པ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། ༈ །ཡང༌། རྔོག་ལོའི་བུ་ཆེན་གྲོ་ལུང་པ་ཆེན་པོས། སྟེངས་པ་ལོ་ཙཱ་བ་ལ་ཁྱོད་རྒྱ་གར་དུ་སོང་ལ། བྱེ་བྲག་བཤད་མཛོད་དང༌། སྐྱེ་རབས་དཔག་བསམ་འཁྲི་ཤིང་ལ་སོགས་པ་སྔར་བོད་དུ་མ་འགྱུར་བ་རྣམས་དང༌། ཁྱད་པར་དུ་མདོ་མངས་ཀྱི་ལུང་དག་པ་ཚང་བ་གཅིག་ཚོལ་ལ་ཤོག་གསུང་ནས་བརྫངས་ཏེ། དེར་སྟེངས་པ་ལོ་ཙཱ་བས་རྒྱ་གར་དུ་བྱོན་ཏེ་རྩད་བཅད་པས། པཎྜི་ཏ་ཛྙཱ་ན་ཤྲཱི་དང༌། པུཎྱ་ཤྲཱི་གཉིས་ལས་མདོ་སུམ་བརྒྱ་རྩ་དགུ་རེའི་ལུང་རྣམ་པར་དག་པ་ཡོད་ཟེར་ལ། དེ་གཉིས་ཀྱང་པུཎྱ་ཤྲཱི་དག་ཅིང་རྒྱ་ཡང་ཆེ་ཟེར་ནས། པུཎྱ་ཤྲཱི་ལ་ཞུས་སོ། །དེ་ལ་སྟེངས་ལོས་གསན་པ་དེ་ཁུངས་དག་པར་དགོངས་ནས་ལྷོ་པ་ཐམས་ཅད་མཁྱེན་པས་ཞུས། དེའི་བརྒྱུད་པ། སྲང་ཕག་ཁུར་བ་ལ་ཡོད་ཟེར་བ། སློབ་དཔོན་གཞོན་ནུ་ཚུལ་ཁྲིམས་པས་ཚོར་བས། སྔར་ནས་ཀྱིས་ཐོབ་ཟིན་ཀྱང༌། སྐྱར་ནས་གསན་པ་སྔར་གྱི་མདོ་སྣ་ཉི་བརྒྱ་དོན་གཅིག་པོ་རྣམས་དང་དེའི་སྟེང་དུ། སྔར་མ་ཐོབ་པ་ལྷག་པོ་ཞུས་པ་ནི། མདོ་ཁང་བུ་རྩེགས་པ། ཡེ་ཤེས་ཅན་གྱིས་ཞུས་པའི་མདོ། ཡེ་ཤེས་པད་དཀར་གྱི་མདོ། བཀོད་པའི་