R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༤༦
[A:༢༤༦]གསུམ། སྔར་གྱི་རྣམས་དང་བཅས་ཏེ་སུམ་བརྒྱ་བཅུ་བཞི་དང༌། བཀྲ་ཤིས་ཀྱི་སྐོར་ལ། ཚོང་པ་ག་གོན་དང་བཟང་པོ་ལ་གསུངས་པ། ལྷའི་རྒྱལ་པོ་རབ་དགའ་ལྡན་གྱིས་བསྟོད་པའི་བཀྲ་ཤིས། སངས་རྒྱས་ཉིད་ཀྱིས་གསུངས་པའི་བཀྲ་ཤིས། སངས་རྒྱས་རབས་བདུན་གྱི་བཀྲ་ཤིས། བཀྲ་ཤིས་དྲུག་པ། མཛད་པ་བཅུ་གཉིས་ཀྱི་དཀོན་མཆོག་གསུམ་གྱི་བཀྲ་ཤིས། ཀླུ་སྒྲུབ་ཀྱིས་མཛད་པའི་བཀྲ་ཤིས་རིང་མོ། བཀྲ་ཤིས་བརྒྱད་པ་སྟེ། བཀྲ་ཤིས་དགུ་དང་བཅས་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། ཨརྻ་དེ་བ། འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀ་ར་ཤཱནྟི། པིའུ་རི་པ། ཨ་བྷ་ཡ་ཀཱ་ར། དགེ་བའི་འབྱུང་གནས་སྦས་པ། རྡོ་རྗེ་གདན་པ། བར་པ། ཆུང་བ། པུཎྱ་ཤྲཱི། སྟེངས་པ་ལོ་ཙཱ་བ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། རྐོང་ནག་རལ་གྲི། ཤངས་པ་གྲགས་སེང༌། ཞང་ཀུན་དགའ་འབུམ། ཕག་འཁུར་དཀོན་ཡེས། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་མགོན་པོ་འབུམ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེར་རྡོར། ཆོས་དཔལ་ཤེས་རབ། བསོད་ནམས་སེང་གེ རིན་པོ་ཆེ་གྲགས་དོན་པབླ་མ་རིན་ཆེན་གྲགསབླ་མ་དམ་པ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ།། ༈ །།ཡང༌། སློབ་དཔོན་གཞོན་ཚུལ་གྱིས། བསྟན་པ་དང་རང་གཞན་གྱི་དོན་རྒྱ་ཆེན་པོ་ལ་དགོངས་ཏེ་ལུང་རྣམ་པར་དག་པར་བྱ་བའི་ཕྱིར། བྱེ་བྲག་ཏུ་མདོ་སྡེ་སོ་སོའི་ལུང་ཞུས་པ་ནི། གཞི་གཙོ་བོར་སྟོན་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ། ལམ་ལ་ཐབས་ཀྱི་ཆ་གཙོ་བོར་སྟོན་པ་མདོ་སྡེ་ས་བཅུ་པ། ཐབས་ཀྱི་ཆ་གཙོ་བོར་སྟོན་པ་གསང་ཆེན་ཐབས་ལ་མཁས་པའི་མདོ། ལམ་ལ་ཤེས་རབ་ཀྱི་ཆ་གཙོ་བོར་སྟོན་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ། འབྲས་བུ་གཙོ་བོར་སྟོན་པ་སངས་རྒྱས་པའི་མདོ་སྡེ་ཟབ་མ་མདོ་