R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༤༨
[A:༢༤༨]པ། རྡོ་རྗེ་སྙིང་པོའི་གཟུངས་ཀྱི་མདོ། བྱང་ཆུབ་སེམས་དཔའི་ཆོས་བཞི་སྒྲུབ་པའི་མདོ། སེང་གེའི་སྒྲ་བསྒྲགས་པའི་མདོ། དཔལ་སྦས་ཞེས་བྱ་བའི་མདོ། ངེས་པ་དང་མ་ངེས་པར་འགྲོ་བ་ཕྱག་རྒྱའི་མདོ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་ཆེན་མཐར་ཕྱིན་པའི་མདོ། སྣང་བ་བསམ་གྱིས་མི་ཁྱབ་པའི་མདོ། སྤྱན་རས་གཟིགས་ཞེས་བྱ་བའི་མདོ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཁྲུལ་པ་བསྟན་པའི་མདོ། དཀོན་མཆོག་འབྱུང་གནས་ཞེས་བྱ་བ། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ། བསྐལ་པ་བཟང་པོ་སྟེ་མདོ་ཉེར་བདུན་གྱི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། རྣམ་གྲོལ་སྡེ། སེང་གེ་བཟང་པོ། ཡེ་ཤེས་ཞབས། ཤཱནྟི་པ། པུཎྱ་ཤྲཱི། སྟེངས་པ་ལོ་ཙཱ་བ། དྭགས་པོ་བ། ཁྱུང་པོ་གྲགས་ཤེས། ལྷ་རྗེ་གྲགས་སྐྱབས་སོ། །འོར་སྟོན་ནས། སྟོན་ཆོས། དབུས་པ་སངས་རྒྱས་འབུམ། ལོ་མཆོག ར་ས་བ་སྟོན་ཤཱཀ བག་སྟོན་གཞོན་ཚུལ། མགོན་པོ་འབུམ། ཆོས་རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། པུཎྱ་སིངྷ༌། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས། ཆོས་ཀྱི་རྗེ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། ༈ །ཡང༌། མདོ་གཟུགས་ཅན་སྙིང་པོ་བསྡུ་བ། གསེར་གྱི་བྱེ་མ་ལྟ་བུ། དགའ་བོ་རབ་ཏུ་བྱུང་བའི་མདོ། བཀྲ་ཤིས་བརྒྱད་པ། ཐར་པ་ཆེན་པོ། དྲན་པ་ཉེར་གཞག ཚེའི་མཐའི་མདོ། ག་ཡ་གོ་རིའི་མདོ། འཕགས་པ་སྨད་དུ་བྱུང་བ། འཕགས་པ་སྒྲ་ཆེན་པོ། བྱམས་པས་ཞུས་པ། སྤོབས་པའི་བློ་གྲོས་ཀྱིས་ཞུས་པ། མདོ་ཆེན་པོ་རྒྱལ་མཚན་མཆོག ཆོས་དང་དོན་རྣམ་པར་འབྱེད་པ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། དེ་བཞིན་གཤེགས་པའི་སྙིང་