R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༤༩
[A:༢༤༩]པོའི་མདོ། བདེ་ལེགས་ཀྱི་ཚིགས་བཅད་དེ་བཅུ་བདུན་གྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རས་གཟིགས། བྱམས་པ། གསེར་གླིང་པ། ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ། པོ་ཏོ་བ། ཤར་བ་པ། བྱ་ཡུལ་པ། མུས་སྨན་པ། དཔལ་ལྡན་གྲོ་མོ་ཆེ་པ། མཆིམས་པ། བྱང་ཆེན་པ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། སློབ་དཔོན་མགོན་པོ་འབུམ། ཆོས་རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། པུཎྱ་སིངྷ༌། རིན་པོ་ཆེ་གྲགས་དོན་པབླ་མ་རིན་ཆེན་གྲགསབླ་མ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། ༈ །ཡང༌། འཇམ་དཔལ་རྣམ་པར་རོལ་པ། འཇམ་དཔལ་རྣམ་པར་གནས་པའི་མདོ། འཇམ་དཔལ་གྱིས་དྲིས་པ། བུ་མོ་བློ་གྲོས་བཟང་མོས་ཞུས་པ། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ། རྟོགས་པ་ཆེན་པོའི་མདོ། བཟང་པོ་སྤྱོད་པའི་སྨོན་ལམ། ལྗོན་ཤིང་གི་མདོ། ལས་དགེ་སྡིག་བསྟན་པའི་མདོ། ཁྱིའུ་རིན་ཆེན་ཟླ་བས་ཞུས་པ། ཚངས་པས་སྦྱིན་གྱིས་ཞུས་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་བསྔོ་བ། བྲམ་ཟེ་མ་དཔལ་ལྡན་མས་ཞུས་པ། སེང་གེས་ཞུས་པ། བདག་མེད་པ་དྲིས་པ། འཕགས་པ་བཞི་པ་སྒྲུབ་པ། འཇིག་རྟེན་གྱི་རྗེས་སུ་མཐུན་པར་སྒྲུབ་པའི་མདོ། དགའ་བ་ཅན་གྱི་མདོ། བདེ་བ་ཅན་གྱི་བཀོད་པ། འཇམ་དཔལ་རྣམ་པར་འཁྲུལ་པ་སྐད་གསར་བཅད་ཀྱིས་བཅོས་པ། འཇམ་དཔལ་གྱིས་བསྟན་པའི་མདོ། ལྷག་བསམ་བསྟན་པའི་ལེའུ། རིན་པོ་ཆེའི་མཐའ་ཞེས་བྱ་བའི་མདོ། སུམ་ཅུ་རྩ་གསུམ་པའི་ལེའུ། ཀུན་རྫོབ་དང་དོན་དམ་པར་བསྟན་པའི་ལེའུ། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ། འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ། ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས། དོན་