R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༥༠
[A:༢༥༠]དམ་པའི་ཆོས་རྒྱལ་པོ། རྒྱལ་པོ་ལ་གདམས་པ། དྲི་མ་མེད་པར་གྲགས་པས་བསྟན་པ་སྟེ། དེ་ལྟར་མདོ་སུམ་ཅུ་སོ་གཅིག་གི་བརྒྱུད་པ་ནི་རྫོགས་པའི་སངས་རྒྱས། འཇམ་དཔལ། ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཌོཾ་བྷི་བ། འཇམ་དཔལ་གྲགས་པ། རཏྣ་ཨ་ཀཱ་ར་ཤཱནྟི་པ། རྡོ་རྗེ་གདན་པ་ཆེ་བ། བར་པ། ཆུང་བ། སོ་མ་ཤྲཱི་བྷ་དྲ། བི་མ་ལ་ཤྲཱི། བྷཻ་ན་དྷཱུ་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་ཁང་བ་གྲགས་རྒྱལ། ཤངས་པ་གྲགས་སེང༌། ཞལ་སྔ་བ་བསོད་རིན། མཁན་ཆེན་གངས་པ། ཤེས་རབ་དཔལ། དགེ་སློང་ཀུན་དགའ་ཉི་མ། བག་སྟོན་གཞོན་ཚུལ། སློབ་དཔོན་མགོན་པོ་འབུམ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རྡོར། བླ་མ་ཆོས་དཔལ་ཤེས་རབ། པུཎྱ་སིངྷ༌། རིན་པོ་ཆེ་གྲགས་དོན་པབླ་མ་རིན་ཆེན་གྲགས་པབླ་མ་དམ་པ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ།། ༈ །།ཡང༌། མདོ་སྡེ་པད་དཀར་གསུམ། སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ། མདོ་སྡེ་ཉི་མའི་སྙིང་པོ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ། བུ་མོ་རིན་ཆེན་གྱིས་ཞུས་པ། སངས་རྒྱས་བགྲོ་བ། དྲི་མ་མེད་པའི་འོད་ཀྱིས་ཞུས་པ། མཆོག་གི་སྤྱོད་པའི་སྨོན་ལམ། ཀུན་དུ་རྒྱུ་བ་དང་ཀུན་དུ་རྒྱུ་མ་ཡིན་པ་དང་མཐུན་པའི་མདོ། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ། གསེར་མདོག་གི་སྔོན་གྱི་སྦྱོར་བ། ཟས་ཀྱི་འཚོ་བ་རྣམ་པར་དག་པ། འདམ་ཀ་ཡེ་ཤེས། སྲིད་པ་འཕོ་བ། ཀུ་ན་ལའི་རྟོགས་བརྗོད། དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག ཁམས་མང་པོའི་མདོ། ཚུལ་ཁྲིམས་དང་ཡང་དག་པར་ལྡན་པའི་མདོ། འཕགས་པ་ཆོས་བཞི་པའི་མདོ། འཕགས་པ་ཆོས་བཞི་བསྟན་པའི་མདོ། རྒྱལ་བུ་ཀུན་དུ་དགོར་བས་ཞུས་པ། ཕག་མོའི་རྟོག་བརྗོད། མཁར་བསིལ་གྱི་མདོ། སྦྱིན་པའི་