R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༥༡
[A:༢༥༡]རབས་དང་ཕན་ཡོན་བསྟན་པ། དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས། གཞོན་ནུའི་དཔེའི་མཚོ་དགོངས་པ་བརྒྱུད་ཀྱི་ཕྲེང་བ་ཆེན་པོའི་མདོ། ཡོངས་སུ་བསྔོ་བའི་འཁོར་ལོའི་མདོ། དཔལ་དབྱིག་གིས་ཞུས་པ། སངས་རྒྱས་མི་སྤང་བ། མདོ་ཆེན་པོ་ལྔ་གསུམ་པ། མདོ་ཆེན་པོ་སྒྱུ་མའི་དྲྭ་བ། མདོ་ཆེན་པོ་རྒྱལ་མཚན་དམ་པ། འཕགས་པ་ཡུལ་འཁོར་སྐྱོང༌། འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོ། ཆོས་ཀྱི་ཚུལ་གྱི་མདོ། ཆོས་ཀྱི་རྒྱ་མཚོའི་མདོ། འཛངས་བླུན། ཕྱོགས་བཅུ་མུན་སེལ། དཀོན་མཆོག་ཟ་མ་ཏོག སངས་རྒྱས་སའི་མདོ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ། ཏིང་ངེ་འཛིན་མཆོག་དམ་པ། ཚངས་པས་ཞུས་པ། བྱམས་པ་ལུང་བསྟན་པ། གྲོང་ཁྱེར་གྱི་འཚོ་བ། ལྷའི་མདོ། སངས་རྒྱས་བཅུ་པ། གཎྜིའི་མདོ། མི་རྟག་པ་ཉིད་ཀྱི་མདོ། བཅོམ་ལྡན་འདས་ཀྱི་གཙུག་ཏོར་ཆེན་པོ་དེ་བཞིན་གཤེགས་པའི་གསང་བ་སྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་སྡེ་ལྔ་བཅུ་རྩ་བཞིའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཀླུ་སྒྲུབ། སྐལ་ལྡན་གྲགས་པ། ཟླ་བ་གྲགས་པ། འཇམ་དཔལ་གྲགས་པ། ཆོས་ཀྱི་གྲགས་པ། ཏཻ་ལོ་པ། ནཱ་རོ་པ། ཞི་བའི་བཤེས་གཉེན། ཛྙཱ་ན་ཤྲཱི། གཉན་ལོ་ཙཱ་བ། ཁྱུང་པོ་གྲགས་སེང༌། འོར་སྟོན་ལྷ་དབང༌། སོ་སྟོན་ཆོས་ཤེས། ཞང་དར་སེང༌། རོང་པ་ཆོས་མགོན། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དཔུང་རྒྱན་མཛེས་པའི་མེ་ཏོག བག་སྟོན་གཞོན་ཚུལ། མགོན་པོ་འབུམ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རྡོར། བླ་མ་ཆོས་དཔལ་ཤེས་རབ། པུཎྱ་སིངྷ༌། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས། ཆོས་ཀྱི་རྗེ་ཤཱཀྱ་རྒྱལ་མཚན་ཞབས། དེས་བདག་ལའོ། ༈ །ཡང༌། མདོ་སྡེ་མིག་བཅུ་གཉིས་པ། དྲང་སྲོང་གརྒའི་