R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༥༣
[A:༢༥༣]པ་ཐམས་ཅད་བསྡུས་པ། བུད་མེད་འགྱུར་བ་ལུང་བསྟན་པ། བུ་མོ་ཟླ་མཆོག་ལུང་བསྟན་པ། མར་མེ་འབུལ་བའི་མདོ། ཆོས་ཀྱི་ཕུང་པོའི་མདོ། བློ་གྲོས་རྒྱ་མཚོས་ཞུས་པ། གླང་པོའི་རྩལ་གྱི་མདོ། སངས་རྒྱས་ཀྱི་དབུ་རྒྱན། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན། ཆོས་ཀུན་འགྲོ་བ། སཱ་ལུ་ལྗང་པ། མ་དྲོས་པས་ཞུས་པ། སའི་སྙིང་པོ་འཁོར་ལོ་བཅུ་པ། ཁྱིའུ་བཞིས་ཞུས་པའི་ཏིང་ངེ་འཛིན། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང་བ། ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན། མ་སྐྱེས་དགྲའི་འགྱོད་པ་བསལ་བ། རྔ་བོ་ཆེ་ཆེན་པོའི་མདོ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན། འཕགས་པ་ཆོས་བཞི་པ། གནས་འཇོག་གི་མདོ། བསམ་གྱིས་མི་ཁྱབ་པའི་རྒྱལ་པོའི་མདོ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ། ཕ་རོལ་དུ་ཕྱིན་པ་ལྔ་བསྟན་པའི་ལེའུ་རེ་རེ་ལ་རྫོགས་སོ་རེ་ཡོད་པ། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྟེ། མདོ་བདུན་བཅུ་དོན་ལྔ་དང༌། དེའི་སྟེང་དུ་ཐར་ལོས་བསྒྱུར་པའི། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། སྐྱེས་རབས་ཀྱི་གླེང་གཞིའི་བཤད་པ། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ། འདུས་པ་ཆེན་པོའི་མདོ། བྱམས་པའི་མདོ། བྱམས་པས་བསྒོམ་པའི་མདོ། ཚུལ་ཁྲིམས་ལྔའི་ཕན་ཡོན་བསྟན་པའི་མདོ། ཚེ་དང་ལྡན་པ་རིའི་ཀུན་དགའི་མདོ། ཀླུ་རྒྱལ་དགའ་བོ་དང་ཉེ་དགའ་འདུལ་བའི་མདོ། གནས་བརྟན་འོད་སྲུངས་ཆེན་པོའི་མདོ། ཉི་མའི་མདོ། ཟླ་བའི་མདོ། བཀྲ་ཤིས་ཆེན་པོའི་མདོ་སྡེ་བཅུ་གསུམ་དང་བཅས་པས་བརྒྱད་ཅུ་གྱ་བརྒྱད་ཀྱི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཕགས་པ་འཇམ་དཔལ། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། སྨན་ཞབས། རྒྱལ་བས་བྱིན། རཏྣ་