R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༥༣
[A:༢༥༣]ཤྲཱི། ཤཱནྟི་བཛྲ། ཀརྨྨ་བཛྲ། པུཎྱ་ཤྲཱི། ཛ་ཡ་ཤྲཱི། བི་ཛ་ཡ་རཀྵི་ཏ། ཐར་ལོ་ཉི་མ་རྒྱལ་མཚན། ཕག་འཁུར་དཀོན་མཆོག་བླ་མ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། སློབ་དཔོན་མགོན་པོ་འབུམ། སྤྲུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རྡོར། བླ་མ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེང་གེ རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། བླ་མ་རིན་པོ་ཆེ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། །འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ཀྱི་ལེའུའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་བ། བར་པ། ཆུང་བ། བ་རི་ལོ་ཙཱ་བ། གཉན་སྟོན་གྲགས་པ་རྒྱལ་མཚན། གཉན་རིན་ཆེན་གྲགས་པ། གནས་བརྟན་དཀོན་མཆོག་སེང་གེ དེའི་སྲས་སྡོག དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བློ་ཆེན་སངས་རྒྱས་སྲས། བདེ་བ་ཅན་པ་ཡེ་ཤེས་མགོན། བདེ་བ་ཅན་པ་སེང་གེ་རྒྱལ་མཚན། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རྡོར། ཆོས་དཔལ་ཤེས་རབ། བསོད་ནམས་སེང་གེ རིན་པོ་ཆེ་གྲགས་དོན་པ། བླ་མ་དམ་པ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། ༈ །འཕགས་པ་སངས་རྒྱས་བདུན་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་རྡོར། རྡོ་རྗེ་གདན་པ། བར་པ། ཆུང་བ། པུཎྱ་ཤྲཱི། སྟེངས་པ་ལོ་ཙཱ་ཚུལ་ཁྲིམས་འབྱུང་གནས། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། རྐོང་ནག་རལ་གྲི། ཇོ་གདན་ཟས་གཙང༌། ཤངས་པ་གྲགས་སེང༌། རིན་ཆེན་འབུམ། བདེ་བ་ཅན་པ་ཡེ་ཤེས་མགོན། གར་ཐིག་པ། ཤེས་རྡོར་བ། ཆོས་དཔལ་ཤེས་རབ། བསོད་ནམས་སེང་གེ རིན་པོ་ཆེ་གྲགས་དོན་པ། བླ་མ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། ༈ །གསུམ་པ་ནི། གཞན་ཡང་མཚུངས་
མྱང་འདས་ཆེན་མོ
། པ་མ་མཆིས་པའི་བཀའ་དྲིན་ཅན། ཆོས་ཀྱི་རྗེ་ཆོས་ཀྱི་མཛོད་ཆེན་པོ་དེ་ལས། མདོ་