R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༥༧
[A:༢༥༧]ཆུབ་བཟང་པོ་དང༌། པཎྜི་ཏ་དགའ་བ་གཉིས་ཀྱིས་ཞུས་སོ། །དེ་གཉིས་ཀས་རྒྱ་ནག་ཏུ་འགྱུར་མཛད་ཅིང༌། དེས་ཐུ་ཐུ་ཞུན། གྱིམ་བཙུན་ཛ། ཏེན་ཞི་དུ་གོ་ཞི། ཚིང་ལང་གོ་ཞི། གྱི་ཧཱུྃ། ཧའི་ཧྲཱི་ཐའི། གྱི་ཇུ། སོན་ཆེན་གྱིན། སིང་ག་སང༌། གྱིང་ཇུ། དེས་དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བསོད་ནམས་སེང་གེ གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། མཐའ་རྩའི་མཁན་ཆེན་གྲགས་པ་རྡོ་རྗེ། རིན་པོ་ཆེ་གྲགས་པ་དོན་གྲུབདགྲ་བཅོམ་པ་རིན་ཆེན་གྲགས་པབླ་མ་ཤཱཀྱ་རྒྱལ་མཚན་ཞབས། དེས་བདག་ལའོ། ༈ །ཡང༌། མཁན་ཆེན་ཤེས་རྡོར་བ། འབྲི་ཁུང་ལོ་ཙཱ་བ། ཁམས་པ་མཚོ་དཀར་བ་བྱང་རྒྱལ། བླ་མ་བསོད་ཤེས། མཐའ་རྩའི་བླ་མ་གཞོན་དར། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། བླ་མ་ཤཱཀྱ་རྒྱལ་མཚན། དེས་བདག་ལ་གནང་བའོ།། །།ཤུ་བྷཾ།། །། ༄། །བླ་མ་དམ་པ་ཤཱཀྱ་རྒྱལ་མཚན་པ་ལས་མདོ་སྡེ་དཀོན་མཆོག་བརྩེགས་པ་ཐོབ་ཡིག གཞན་ཡང༌། སེམས་དཔའ་ཆེན་པོ་ཤཱཀྱའི་མཚན་ཅན་དེའི་ཞལ་སྒོར། མདོ་སྡེ་དཀོན་མཆོག་རྩེགས་པ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། བོད་དུ་ལེའུ་འམ་དུམ་བུ་ལྔ་བཅུ་ཐམ་པ་འགྱུར་བ་ཡོངས་སུ་རྫོགས་པར་ཐོབ་པའི་ཆོས་ཀྱི་རྣམ་གྲངས་དང་བརྒྱུད་པ་