R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༥༨
[A:༢༥༨]ནི།། ༼ཀ༽པ་ལ། སྡོམ་པ་གསུམ་བསྟན་པའི་མདོ་བམ་པོ་ཕྱེད་བཞི་དང་ཤླཽ་ཀ་བཅུའོ། །དུམ་བུ་གཉིས་པ་འཕགས་པ་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བ་ཆོས་ཀུན་ནས་གསང་བའི་མདོ་བམ་པོ་བཞིའོ། །དུམ་བུ་གསུམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་བམ་པོ་བཅུ་གཅིག་ཤླཽ་ཀ་ཉི་བརྒྱ། ལེའུ་ཉི་ཤུ་རྩ་ལྔ་པའོ། །དུམ་བུ་བཞི་པ་རྨི་ལམ་ངེས་པར་བསྟན་པའི་མདོ། བམ་པོ་གསུམ་དང་ཤླཽ་ཀ་བརྒྱའོ། །དུམ་བུ་ལྔ་པ་བདེ་བ་ཅན་གྱི་ཞིང་བཀོད་བསྟན་པ་བམ་པོ་གསུམ་པའོ།། ༼ཁ༽པ་ལ། དུམ་བུ་དྲུག་པ་འཕགས་པ་མི་འཁྲུག་པའི་ཞིང་བཀོད་བསྟན་པ། བམ་པོ་ལྔ་དང་ཤླཽ་ཀ་བཞི་བཅུའོ། །དུམ་བུ་བདུན་པ་འཕགས་པ་གོ་ཆ་བཀོད་པ་བསྟན་པ། དུམ་བུ་བརྒྱད་པ་ཆོས་དབྱིངས་རང་བཞིན་གྱིས་དབྱེ་བ་མེད་པ་བསྟན་པའི་མདོ། དུམ་བུ་དགུ་པ་ཐེག་པ་ཆེན་པོ་ཆོས་བཅུ་བསྟན་པའི་མདོ། བམ་པོ་ཕྱེད་དང་གཉིས་དང༌། ཤླཽ་ཀ་ལྔ་བཅུ་པའོ། །དུམ་བུ་བཅུ་པ་འཕགས་པ་ཀུན་ནས་མདོ། ཤླཽ་ཀ་ཉི་བརྒྱ་དྲུག་བཅུའོ། །དུམ་བུ་བཅུ་གཅིག་པ་འོད་ཟེར་ཀུན་དུ་སྐྱེ་བ་བསྟན་པའི་མདོ། བམ་པོ་ལྔའོ། །དུམ་བུ་བཅུ་གཉིས་པ་འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསྟན་པའི་མདོ། བམ་པོ་ཕྱེད་དང་བཞི་པའོ།། ༼ག༽པ་ལ། དུམ་བུ་བཅུ་གསུམ་པ་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་བམ་པོ་ཉི་ཤུ། ལེའུ་བཅུ་གཉིས་པའོ། །དུམ་བུ་བཅུ་གསུམ་པ་དགའ་བོ་མངལ་དུ་འཇུག་པ་བསྟན་པའི་མདོ་བམ་པོ་གཅིག་པའོ། །དུམ་བུ་བཅོ་ལྔ་པ་དགའ་བོ་རབ་ཏུ་བྱུང་བའི་མདོ། བམ་པོ་ཕྱེད་དང་བཞིའོ།། ༼ང༽པ་ལ། དུམ་བུ་བཅུ་དྲུག་པ་འཕགས་པ་ཡབ་སྲས་མཇལ་བ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ། བམ་པོ་བཅོ་ལྔ་པའོ། །དུམ་བུ་བཅུ་བདུན་པ་འཕགས་པ་གངས་པོས་ཞུས་པའི་མདོ། ལེའུ་བརྒྱད་བམ་པོ་དྲུག་པའོ། །དུམ་བུ་བཅོ་བརྒྱད་པ། འཕགས་པ་