R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༦༣
[A:༢༦༣]གི་སྡེ། དུལ་བའི་སྡེ། རྣམ་སྣང་མཛད་བཟང་པོ། སེང་བཟང༌། ཡོན་ཏན་ཤེས་རབ། རིན་པོ་ཆེ་རི་བོ། པཎྜི་ཏ་ཟླ་བ་བཟང་པོ། རྔོག་ལོ། ཤེས་རབ་འབར། བྱང་ཆུབ་ཡེ་ཤེས། ཤེས་རབ་བརྩོན་འགྲུས། དཀར་ཆུང་རིང་མོ། ཞང་གཡེ། གཉལ་ཞིག ཤེས་རབ་དབང་ཕྱུག ཆུ་མིག་པ། ལྷོ་བྲག་པ། དབེན་དགེ་བ། རྡོ་རྗེ་རིན་ཆེན། ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ། བསོད་ནམས་སེང་གེ རིན་པོ་ཆེ་གྲགས་དོན་པ། ཆོས་རྗེ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་བཅུ། ལེའུ་བརྒྱད་བཅུ་གྱ་གཉིས་པའི་བརྒྱུད་པ་ནི། ཤནྟི་པ་ཛྙཱ་ན་ཀིརྟི། རོང་པ་ཆོས་བཟང༌། མངའ་རིས་པ་ཚུལ་དབང་ཤེས་རབ། ལ་སྟོད་པ་དབང་རིན། བླ་མ་བཀྲ་ཤིས་རྡོ་རྗེ། སྤོང་ཁྲོད་ཆུ་འཛིན་པ་ཆེན་པོ། འཇད་ར་སྔ་བ་ཤེས་རབ་མཚོ། བླ་མ་དར་མ་འོད། བླ་མ་བློ་གྲོས་རྒྱལ་མཚན། མཁས་པ་བྱང་ཆུབ་འབུམ། བླ་མ་མཁས་པ་བྱང་རྒྱལ། བླ་མ་བསོད་ཤེ་བ། མཐའ་རྩའི་བླ་མ་གཞོན་ནུ་དརརིན་པོ་ཆེ་གྲགས་དོན་པ། བླ་མ་ཤཱཀྱ་རྒྱལ་མཚན། དེས་བདག་ལའོ། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་བམ་པོ་སུམ་ཅུ་དང་ཤླཽ་ཀ་བརྒྱ། ལེའུ་སུམ་ཅུ་སོ་གསུམ་པའི་བརྒྱུད་པ། གསེར་གླིང་པ། ཇོ་བོ་རྗེ། དགེ་བཤེས་འབྲོམ་སྟོན་པ། ནམ་མཁའ་གོ་ཆ། ཆག་དབང་ཕྱུག་རྒྱལ་མཚན། ལ་སྟོད་དཀོན་མཆོག་འཁར། ལ་སྟོད་དབང་རིན། བླ་མ་བཀྲ་ཤིས་རྡོ་རྗེ། སྤོང་ཁྲོད་འདུལ་འཛིན། རྟ་ནག་པ་སྒོམ་ཤེ། བླ་མ་དར་མ་འོད་ཟེར། བླ་མ་བློ་གྲོས་རྒྱལ་མཚན། བླ་མ་བྱང་ཆུབ་འབུམ། བླ་མ་མཚོ་དཀར་བ་བྱང་རྒྱལ། བླ་མ་ཡར་ལུངས་པ་བསོད་ནམས་ཤེས་རབབླ་མ་གཞོན་ནུ་དརརིན་པོ་ཆེ་གྲགས་དོན་པ། རྗེ་བཙུན་ཤཱཀྱ་རྒྱལ་མཚན་དེས་བདག་ལའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་