R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༦༥
[A:༢༦༥]༄། །ཆོས་ཀྱི་རྗེ་ཤཱཀྱ་དྷྭ་ཛ་ལས་འདུལ་བ་ལུང་ཐོབ་ཡིག ཡང༌། བླ་མ་དམ་པ་རྒྱལ་བའི་གསུང་གི་མཛོད་འཛིན་དེ་ལས། དམ་པའི་ཆོས་འདུལ་བ་ལུང་གི་ལུང་ཚང་མར་ཐོབ་པའི། ༼ཀ༽པ་ལ། ཐོག་མར་རྩ་བའི་ལུང་དགེ་སློང་གི་སོ་སོར་ཐར་པ་ཤླཽ་ཀ་བདུན་བརྒྱ་བམ་པོ་གཉིས་དང༌། དགེ་སློང་མའི་སོ་སོར་ཐར་པ་ཤླཽ་ཀ་བརྒྱད་བརྒྱ། བམ་པོ་གཉིས། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང༌། ལུང་སྡེ་བཞིའི་དང་པོ་འདུལ་བ་བཞི་ཤླཽ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ། བམ་པོ་བརྒྱད་དང་དགུ་བཞུགས་པའི་བམ་པོ་ཉི་ཤུ་པ་ཡན་བཞུགས།། ༼ཁ༽པ་ལ། བམ་པོ་ཉེར་གཅིག་པ་ནས་ཞེ་གཉིས་པའི་བར་བཞུགས།། ༼ག༽པ་ལ། བམ་པོ་ཞེ་གསུམ་པ་ནས་རེ་བཞི་པ་ཡན་བཞུགས།། ༼ང༽པ་ལ། བམ་པོ་རེ་ལྔ་པ་ནས་གྱ་བདུན་པ་ཡན་བཞུགས།། ༼ཅ༽པ་ལ། བམ་པོ་གྱ་བརྒྱད་པ་ནས་བརྒྱ་དང་དགུ་པ་ཡན་གྱིས་འདུལ་བ་བཞི་རྫོགས་པ། པུསྟི་འདི་ལ་འགྱུར་མི་འདུག ཆོས་འབྱུང་དང་གསན་ཡིག་མཐུན་པར། པཎྜི་ཏ་སརྦྦ་ཛྙཱ་དེ་བ་དང༌། བིདྱཱ་ཀ་ར་པྲ་བྷ་དང༌། དྷརྨཱ་ཀ་ར་དང༌། ལོ་ཙཱ་བ་བནྡྷེ་དཔལ་གྱི་ལྷུན་པོས་སྒྱུར་ཅིང༌། སླད་ཀྱི་པཎྜི་ཏ་བིདྱཱ་ཀ་ར་དང༌། ལོ་ཙཱ་བ་བནྡྷེ་དཔལ་རྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ་རྣམས་བཞུགས། ལུང་སྡེ་བཞིའི་གཉིས་པ་ལུང་རྣམ་འབྱེད་ལ། དགེ་སློང་ཕའི་རྣམ་འབྱེད་ཤླཽ་ཀ་ཉི་ཁྲི་བཞི་སྟོང་
པུསྟི་འདི་ན་ཉི་ཁྲི་ལྔ་སྟོང་ཟེར་བ་འདུག
དགུ་ཅུ་བམ་པོ་བརྒྱད་ཅུ་རྩ་གསུམ་བཞུགས།། ༼ཆ༽པ་ལ། བམ་པོ་ཉེར་གཉིས་པ་ཡན་བཞུགས།། ༼ཇ༽པ་ལ། བམ་པོ་ཉེར་གསུམ་པ་ནས་ཞེ་བཞི་པ་ཡན་