[A:༢༧༨]ཉིད་ངེས་པར་བསྟན་པ། སློབ་དཔོན་ཨིནྡྲ་བོདྡྷིས་མཛད་པ། ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕབ་པ་ཐོས་པའི་བརྒྱུད་པ་ནི། ཕག་མོ་གཞུང་དྲུག་དང་གཅིག་གོ རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས་རི་ཁྲོད་དབང་ཕྱུག་གིས་མཛད་པ་ཐོས་པའི་བརྒྱུད་པ་ནི། མཁན་ཆེན་ཤེས་རབ་འོད་ཟེར། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ །རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་གནམ་ལྕགས་ལཀྵྨི་ཀཱ་རས་མཛད་པའི་བརྒྱུད་པའང༌། ཕག་མོ་གཞུང་དྲུག་དང་མཐུན་ནོ། །རྡོ་རྗེ་རྣལ་འབྱོར་མ་དཀར་མོའི་སྒྲུབ་ཐབས་ཨིནྡྲ་བོདྡྷིས་མཛད་པ། པཎྜི་ཏ་བཻ་རོ་ཙཱ་ནའི་འགྱུར་ཐོས་པའི་བརྒྱུད་པ་ནི། བླ་མ་འབྱུང་གནས་གྲུབ། བློ་གྲོས་བརྟན་པ། མཁན་ཆེན་ཤེས་རབ་འོད་ཟེར། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ །ཕག་མོ་གཞུང་དྲུག་ནི། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞལ་གཉིས་མ་ཆུང་བ་རི་ཁྲོད་དབང་ཕྱུག་གིས་མཛད་པར་གྲགས་པ། པཎྜི་ཏ་བསོད་ནམས་འབྱུང་གནས་བཟང་པོ་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། ཕག་མོའི་སྒྲུབ་ཐབས་དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པ་ཞེས་བྱ་བ་ཞལ་གཉིས་མ་ཆེ་བར་གྲགས། པཎྜི་ཏ་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པ། པཎྜི་ཏ་བྷ་རེནྟྲ་རུ་ཙི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། དོན་གྲུབ་མ་ཆུང་བའི་སྒྲུབ་ཐབས། སློབ་དཔོན་ཨ་ཝ་དྷུ་ཏི་པས་མཛད་པ་དང༌། དོན་གྲུབ་མ་ཆེ་བའི་སྒྲུབ་ཐབས་ཡེ་ཤེས་དབབ་པ་ཞེས་བྱ་བ། དཔལ་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པ། དབུ་གཅད་མ་ཆུང་བའི་སྒྲུབ་ཐབས། ལྷ་མོ་དཔལ་གྱི་བློ་གྲོས་མས་མཛད་པ་དང་གསུམ། པཎྜི་ཏ་བ་རེནྟྲ་རུ་ཙི་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར། དབུ་གཅད་མའི་སྒྲུབ་ཐབས་ཆེ་བ་ཞེས་བྱ་བ། དཔལ་བིརྺ་པས་མཛད་པ། པཎྜི་ཏ་བ་རེནྟྲ་རུ་ཙི་དང༌། ལོ་ཙཱ་བ་རྨ་བན་ཆོས་འབར་གྱི་འགྱུར། རྡོ་རྗེ