R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༢༤
[A:༢༤]ཆོས་ཀྱི་དབྱིངས་ལས་ཞེས་པ། ཆོས་བཞེངས་པའི་མཚོན་བྱེད་ཉེ་བར་བཀོད་པའི་བཀྲ་ཤིས་ཀྱི་སྐོར་རྣམས་དཀར་ཆག་གི་རིམ་པ་བཞིན་ཞུས་སོ། །ཡང༌། གཅེས་བསྡུས་རིན་ཆེན་ཕྲེང་བ་ཞེས་པ་དང༌། ཕྱག་རྒྱ་ཆེན་པོ་གཅེས་བསྡུས་ཞེས་པའི་ཆོས་ཚན་རྣམས་ལ། རྡོ་རྗེ་གདན་པའི་མན་ངག་ཕྱག་ཆེན་གཉིས་མེད་འོད་གསལ། ཤེར་ཕྱིན་བསམ་མི་ཁྱབ་གྱི་མན་ངག ནཱ་རོ་པའི་རྩ་གསུམ་ལ་རྟེན་པའི་ཙནྟྲ་ལི། ཀྱེ་རྡོར་དཔའ་གཅིག་ཡབ་ཡུམ་ལ་རྟེན་པའི་མན་ངག ཤེས་རབ་ཡེ་ཤེས་ཀྱི་ལམ་ཇི་ལྟར་མཆོད་པས་ཚིག་པ་ལ་ཞེས་པའི་མན་ངག རྣལ་འབྱོར་མའི་མར་མེའི་སྦྱིན་བསྲེག དབང་གི་སྦྱིན་བསྲེག ཞི་བའི་སྦྱིན་བསྲེག རྒྱས་པའི་སྦྱིན་བསྲེག སྣ་ཚོགས་པའི་སྦྱིན་བསྲེག ཨིནྟྲ་བྷུ་ཏིའི་མན་ངག སློབ་དཔོན་དགའ་རབ་རྡོ་རྗེ་ལས་རྒྱུད་པའི་སྦྱིན་བསྲེག ཕྱག་རྒྱ་ཆེན་པོ་དབུ་མར་འཇུག་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེད་པ། ཛ་ལན་དྷ་རའི་ཙནྟྲ་ལིའི་མན་ངག ཕྱག་ཆེན་གོ་བ་བདུན་པ། ཕྱག་ཆེན་བརྡའི་མན་ངག་རྩ་འགྲེལ་གཉིས། པུ་ལ་ཧ་རིའི་པཎྜི་ཏའི་མན་ངག་རྣམས་གོང་འོག་ཅུང་ཟད་ཙམ་མ་གཏོགས། གཉིས་ཀའི་ཐུན་མོང་བར་འདུག་ལ། ཁྱད་པར་གཅེས་བསྡུས་རིན་ཆེན་འཕྲེང་བ་ལ། བིརྺ་པའི་སྒོམ་བཟླས་ཆུ་བསྲུངས་དང་བཅས་པ། རྡོ་རྗེ་རྩེ་གསུམ་གྱི་བསྲུང་བ། རྡོ་རྗེ་བསྲུང་བའི་ཕྱག་རྒྱ། སྲིན་བུ་ལ་བྱ་བའི་རིལ་བུ་ཚན་པ་གཉིས་རྣམས་བིརྺ་པའི་ཆོས་སྐོར། རྟེན་འབྲེལ་གྱི་བསྲུང་བ། འོད་འཆང་མའི་ཏིང་ངེ་འཛིན་གྱི་བཅུད་ལེན། ཀུ་རུ་ཀུལླེའི་སྒྲུབ་ཐབས། ཌོཾ་བྷི་ཧེ་རུ་ཀའི་ཆུ་བསྲུངས། གཞུང་ཤེས་ཕྱིན་ཡི་གེ་གཅིག་པའི་མན་ངག ཡི་གེ་དྲུག་པ་མདོར་བསྡུས་པ། རིམས་ནད་བསྲུང་བ་ལ་ཨེ་ཀ་ཛ་ཊིའི་རྣལ་འབྱོར། ཀྱཻ་རྡོ་རྗེའི་མན་ངག་དྲོད་དང་བདེ་བ་སྒོམ་པ་ཚན་གཉིས། དྷ་བྱང་ཆུབ་སེམས་དཔའི་མན་ངག ཁ་སྦྱོར་འབྱེད་པའི་མན་ངག་སྒྲུབ་བྱའི་ལྟེ་བའི་རྩ་བ་ལ། ཞེས་པའི་