R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༠༩
[A:༣༠༩]རིམ་པ་ཞེས་བྱ་བ། བླ་མ་སྡོམ་པ་བཟང་པོའི་ཐུགས་དམ་ལོ་ཙཱ་བ་དར་མ་བིརྻས་བསྒྱུར་བ་དང༌། འཇམ་དཔལ་ཁྲོ་བོའི་སྒྲུབ་ཐབས་རྡོ་རྗེ་འོད་ཀྱི་རིམ་པ་ཞེས་བྱ་བ་བླ་མ་སྡོམ་པ་བཟང་པོའི་ཐུགས་དམ་དར་མ་བིརྻས་བསྒྱུར་བ་དང༌། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་མན་ངག་ལས་ནང་ཚན་རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་སྡོམ་པ་བཟང་པོས་མཛད་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་དབང་བཞིའི་གདམས་པ། སྡོམ་པ་བཟང་པོས་མཛད་པ། རྡོ་རྗེ་གླུའི་གདམས་ངག་ཕྱི་ཁྲུས། ནང་ཁྲུས། སྡོམ་པ་བཟང་པོའི་ཐུགས་དམ་དར་མ་བིརྻས་བསྒྱུར་བ་དང༌། གཏོར་མའི་ཆོ་ག རྡོ་རྗེའི་རབ་གནས་ཀྱི་ཆོ་ག རོ་བསྲེག་པའི་ཆོ་ག་སྡོམ་པ་བཟང་པོས་མཛད་པ། ཚ་ཚ་གདབ་པའི་ཆོ་ག་སྡོམ་པ་བཟང་པོས་མཛད་པ་དང༌། རབ་ཏུ་གནས་པའི་ཆོ་ག་སྡོམ་པ་བཟང་པོས་མཛད་པ་དང༌། དེས་མཛད་པའི་སྦྱིན་སྲེག་གི་ཆོ་ག དེས་མཛད་པའི་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་རིན་པོ་ཆེའི་གཏེར་སྒྲུབ། བླ་མ་ཡི་དམ་གྱི་མཎྜལ་གྱི་ཆོ་ག འབྲོ་ལོ་ཙཱས་བསྒྱུར་བ་རྣམས་ཀྱི་བརྒྱུད་པ་ནི། ཤཱཀྱའི་རྒྱལ་པོ། འཇམ་དཔལ། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ། དེ་གསུམ་ལ་སློབ་དཔོན་ཙནྟི་པ། ལཱུ་ཧི་པ། མེ་གོ་པ། བྲམ་ཟེ་སྡོམ་པ་བཟང་པོ། འབྲོ་ལོ་ཙཱ་བ། གཉལ་སྡེ་ཡེ་ཤེས་རྡོ་རྗེ། ཇོ་སྲས་འབུམ་སྡེ་འོད། པྲ་ཛྙཱ་གུ་རུ། དབུས་པ་ལྷ་རྗེ། འབྲས་དཀར་བ། བླ་མ་ཤེས་རབ་རིན་ཆེན། བླ་མ་ཐང་ཚུལ་ཁྲིམས་མགོན་པོ། བཤེས་གཉེན་མགོན་པོ་རྒྱལ་མཚན། བླ་མ་དཀོན་མཆོག་རྡོ་རྗེ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ།
བཤད་པའི་བརྒྱུད་པའོ
།། དེས་བདག་གོ། ༈ །ཡང༌། སྒྲུབ་ཐབས་ལ་སོགས་པའི་བརྒྱུད་པ་ནི། འབྲོ་ལོ་ཙཱ་ནས། རྡོ་རྗེ་རིན་ཆེན། རྡོ་རྗེ་གྲགས་པ། རིན་ཆེན་འབྱུང་གནས། ནམ་མཁའ་རྒྱལ་པོ། པྲ་ཛྙཱ་གུ་རུ། དབུས་པ་ལྷ་