[A:༣༡༡]ཤེས་བདུད་རྩིའི་བུམ་པ་ཞེས་བྱ་བ། ཡེ་ཤེས་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པ་གཉིས་ཐོས་པའི་བརྒྱུད་པ་ནི། མགོན་པོ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། རས་ཆུང་རྡོ་རྗེ་གྲགས། མངའ་རིས་པ་བྱང་ཆུབ་རྡོ་རྗེ། གྲུབ་ཐོབ་རྒྱ་ཚ་མགོན། བླ་མ་བཟང་ཡུལ་བ། སངས་རྒྱས་སྟོན་པ། བླ་མ་རིན་ཆེན་སེང་གེ སློབ་དཔོན་ལྷའི་གཞོན་ནུ། མཁན་ཆེན་དྭངས་མ་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ཕྱག་ན་རྡོ་རྗེ་དྲག་པོ་གསུམ་འདུལ་ཅེས་བྱ་བའི་རྒྱུད་ཀྱི་འགྲེལ་པ་བདུད་རྩིའི་མྱུ་གུ་ཞེས་བྱ་བ། ཛ་བ་རི་པས། ས་ཝ་རི་པ་ལ་མན་ངག་ཏུ་ཞུས་པ་དེ་བ་པུརྞ་མ་ཏི་དང༌། ཆོས་ཀྱི་བཟང་པོས་བསྒྱུར་བ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་འཁོར་ལོ་ཆེན་པོ་ཞེས་བྱ་བ་ཛ་ཝ་རི་པས་མཛད་པ་དང༌། དེས་མཛད་པའི་གཟུངས་ཀྱི་སྒྲུབ་ཐབས་བདུད་རྩི་ཐིགས་པ་ཞེས་བྱ་བ་དང༌། དེས་མཛད་པའི་དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་མདོར་བསྡུས་པ་དང༌། དེས་མཛད་པའི་ཀླུ་རིགས་བཞིའི་སྒྲུབ་ཐབས་ཞེས་བྱ་བ་དང༌། དེས་མཛད་པའི་གནོད་སྦྱིན་གྱི་སྡེ་རྣམས་སྦྱོང་ཞིང་སེལ་བ་ཞེས་བྱ་བའི་སྒྲུབ་ཐབས་དང༌། དེས་མཛད་པའི་ཡི་དྭགས་དང་ཤ་ཟ་དང༌། གྲུལ་བུམ་དང༌། སྲུལ་པོ་རྣམས་རྣམ་པར་སྦྱོང་ཞིང་སེལ་བ་ཞེས་བྱ་བའི་སྒྲུབ་ཐབས་དང༌། དེས་མཛད་པའི་ཕྱག་ན་རྡོ་རྗེའི་གཟུངས་ཀྱི་གཏོར་མའི་ཆོ་ག་རྣམས་བལ་པོའི་མཁན་པོ་དེ་བ་པུརྞ་མ་ཏི་དང༌། ལོ་ཙཱ་བ་བེནྡྷ་ཆོས་ཀྱི་བཟང་པོས་བསྒྱུར་བའོ། །རིམ་པ་དྲུག་པ་ཞེས་བྱ་བ། རྟགས་གསལ་བར་བྱེད་པ་ཛ་བ་རི་པས་མཛད་པ་དང༌། གསད་པ་གསོ་བའི་ཆོ་ག་དང༌། བདུད་རྩི་འོ་མའི་མཆོད་པ་ཞེས་བྱ་བ་དང༌། ཁྲོ་བོས་གསད་པའི་ཕྲིན་ལས་ཛ་བ་རི་པས་མཛད་པ་དེ་བ་པུརྞ་མ་ཏི་དང༌། ཆོས་ཀྱི་བཟང་པོའི་འགྱུར་དང༌། ཀླུ་