[A:༣༣༠]༄། །ཆོས་རྗེ་ཤཱཀྱ་རྒྱལ་མཚན་པའི་ཞལ་སྔ་ནས་ལས་སྒྲུབ་ཐབས་རྒྱ་མཚོ་ཐོབ་ཡིག
བླ་མ་དམ་པ་ཤཱཀྱའི་མཚན་གྱི་ཞབས་ལས། སྒྲུབ་ཐབས་རྒྱ་མཚོར་གྲགས་པའི་ལྷ་སོ་སོའི་རྗེས་སུ་གནང་བ་ཉིས་བརྒྱ་བཞི་བཅུ་རྩ་གཉིས་ཐོབ་ནས། དེ་དག་གི་བསྒྲུབ་པའི་ཐབས་རྣམས་ཀྱི་ལུང་ནོད་པའི་རིམ་པ་ནི། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས། པཎྜི་ཏ་ཀུ་མུ་ཏ་འབྱུང་བའི་བློ་གྲོས་ཞབས་ཀྱིས་མཛད་པ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས། རིན་ཆེན་འབྱུང་གནས་སྦས་པས་མཛད་པ། རྡོ་རྗེ་གདན་གྱི་སྒྲུབ་ཐབས་ཀྱི་མན་ངག་གི་ཆོ་ག རྡོ་རྗེ་གདན་གྱི་སྒྲུབ་ཐབས་གཉིས། ཡི་གེ་དྲུག་པ་རིན་པོ་ཆེའི་སྒྲུབ་ཐབས། ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ། ཡི་གེ་དྲུག་པའི་སྒྲུབ་ཐབས་ཟ་མ་ཏོག་བཀོད་པའི་མན་ངག འཇིག་རྟེན་མགོན་པོའི་སྒྲུབ་ཐབས། ཡི་གེ་དྲུག་པའི་སྒྲུབ་ཐབས། ཁ་སརྤ་ཎི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། སློབ་དཔོན་རྙོག་པ་མེད་པས་མཛད་པ། པོ་ཏ་ལའི་ཁ་སརྤ་ཎིའི་སྒྲུབ་ཐབས། སློབ་དཔོན་པདྨ་འབྱུང་གནས་བློ་གྲོས་ཀྱིས་མཛད་པ། ཁ་སརྤ་ཎིའི་སྒྲུབ་ཐབས། དགེ་སློང་དགེ་བྱེད་ཀྱི་མཛད་པ། མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ཅུང་ཟད་རྒྱས་པར་བྱས་པ་ཨ་ནུ་པ་མ་རཀྵི་ཏས་མཛད་པ། མཁའ་སྤྱོད་ཀྱི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ཐབས། པཎྜི་ཏ་ཨ་བ་དྷཱུ་ཏི་གཉིས་མེད་རྡོ་རྗེ་ཞབས་ཀྱི་མཛད་པ་འཇིག་རྟེན་མགོན་པོའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། སེང་གེ་སྒྲའི་སྒྲུབ་ཐབས་གཉིས། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ཧཱ་ལ་ཧཱ་ལའི་སྒྲུབ་ཐབས། ཧཱ་ལ་ཧཱ་ལའི་སྒྲུབ་ཐབས། སློབ་དཔོན་ལྷན་ཅིག་སྐྱེས་པའི་