R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༣༧
[A:༣༣༧]གསུམ།
ཛམྦྷ་ལའི་ཁྲོད་འདིར་ནོར་རྒྱུན་མ་དང༌།
བར་གྱི་མན་ངག་ཛམྦྷ་ལའི་སྒྲུབ་ཐབས། ཛམྦྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཡང༌། སྒྲུབ་ཐབས་མདོར་བསྡུས་པ་གཅིག ཛམྦྷ་ལའི་སྒྲུབ་ཐབས་རྒྱས་པ། དེ་ལ་ཆུ་རྒྱུན་འབུལ་བའི་མན་ངག་གཉིས། དཔལ་རྟ་མགྲིན་གྱི་སྒྲུབ་ཐབས། སློབ་དཔོན་ཙནྡྲ་གོ་མིས་མཛད་པ། རྟོག་པ་བདུན་པ་ལས་གསུངས་པའི་དཔལ་རྟ་མགྲིན་གྱི་སྒྲུབ་ཐབས། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མའི་རྟ་མགྲིན་གྱི་སྒྲུབ་ཐབས། པཎྜི་ཏ་པྲ་བྷ་ཀ་རས་མཛད་པ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས། རྡོ་རྗེ་མེ་དང་ཉི་མ་འབར་བའི་སྒྲུབ་ཐབས། རྟ་མཆོག་གི་སྒྲུབ་ཐབས། འཕགས་པ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་གཉིས། གཤིན་རྗེའི་དགྲ་ནག་པོའི་སྒྲུབ་ཐབས། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་གཉིས། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། རྡོ་རྗེ་ཧཱུྃ་མཛད་ཀྱི་སྒྲུབ་ཐབས། སྟོབས་པོ་ཆེའི་སྒྲུབ་ཐབས། འཕགས་པ་ཁྲོ་བོ་སྟོབས་པོ་ཆེའི་སྒྲུབ་ཐབས། དགེ་སློང་ཤཱཀྱ་བཤེས་གཉེན་གྱི་མཛད་པ། ཨརྻ་ཙནྡྲས་རང་འགྱུར་དུ་མཛད་པ་ལ་སྒྲ་བག་ཙམ་བཅོས། ཧེ་རུ་ཀའི་སྒྲུབ་ཐབས། དགྱེས་པའི་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས། བདག་མེད་མའི་སྒྲུབ་ཐབས་གཉིས། དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ། འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཆོ་ག་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་གཉིས་རྣམས་པཎྜི་ཏ་ཀིརྟི་ཙནྡྲའི་ཞལ་སྔ་ནས་ཞུས་ནས། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་བསྒྱུར་བ་རྣམས་སོ། །དེ་ལྟར་བཀའ་ལུང་ཐོབ་པའི་བརྒྱུད་པའི་རིམ་པ་ནི། སློབ་དཔོན་ཨཱ་བྷ་ཡཱ་ཀ་ར། ཤུ་བྷཱ། ཀ་ར་གུཔྟ། པུ་ཙཱ་ཏི་གུཔྟ། རཏྣ་རཀྵི་ཏ། གོ་ཏཾ་ཤྲཱི། པཎྜི་ཏ་ཀིརྟི་ཙནྡྲ། ལོ་ཙཱ་བ་གྲགས་པ་རྒྱལ་