[A:༣༣༩]མཛད་པ། སྙིང་པོ་བསྡུ་བ་ཇོ་བོ་རྗེས་མཛད་པ། སྙིང་པོ་ངེས་པར་བསྡུ་བ་ཇོ་བོ་རྗེས་མཛད་པ། བྱང་ཆུབ་སེམས་དཔའི་ནོར་བུའི་འཕྲེང་བ་ཇོ་བོ་རྗེས་མཛད་པ། བྱང་ཆུབ་སེམས་དཔའི་དཔྱོད་པ་མདོ་ཙམ་གདམས་ངག་དུ་མཛད་པ་ཇོ་བོ་རྗེས་མཛད་པ། འཁོར་བ་ལ་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ་ཇོ་བོ་རྗེས་མཛད་པ། སྤྱོད་པའི་གླུ་ཇོ་བོ་རྗེས་མཛད་པ། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་ཇོ་བོ་རྗེས་མཛད་པ་དང༌། དྲན་པ་གཅིག་པའི་མན་ངག་ཇོ་བོ་རྗེས་མཛད་པ། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ་ཇོ་བོ་རྗེས་མཛད་པ། སྐྱབས་སུ་འགྲོ་བ་བསྟན་པ་ཇོ་བོ་རྗེས་མཛད་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ་དང༌། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ་ཇོ་བོ་རྗེས་མཛད་པ། རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ་ཇོ་བོ་རྗེས་མཛད་པ། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག་དང༌། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ལས་རྣམ་པར་འབྱེད་པ་རྣམས་ཇོ་བོ་རྗེས་མཛད་པ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཇོ་བོ་རྗེས་མཛད་པ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག་དང༌། ཁ་ཏོན་དང༌། གླེགས་བམ་ཀླག་པའི་སྔོན་དུ་བྱ་བའི་ཆོ་ག ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་གདབ་པའི་ཆོ་ག བླ་མའི་བྱ་བའི་རིམ་པ་མདོར་བསྡུས་པ་རྣམས་ཇོ་བོ་རྗེས་མཛད་པ། སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པ་ཇོ་བོ་རྗེས་མཛད་པ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཡི་དམ་བླང་བའི་ཆོ་ག བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། ལས་དང་པོ་པའི་ས་སྦྱང་བ་དགྲ་ལས་རྒྱལ་གསང་བས་མཛད་པ། སེམས་རིན་པོ་ཆེ་