R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༠༡
[A:༤༠༡]དཔལ་བཤེས་གཉེན། ཤྲཱི་སིངྷ། ཛྙཱ་ན་པུ་ཏྲ། བི་མ་ལ་མི་ཏྲ། ཨུརྒྱན་པད་མ། ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་སྤྲུལ་སྐུ་ཚུལ་རྡོར། ལོ་སྟོན། རྒྱལ་བ་རང་བྱུང་རྡོ་རྗེ། སྤྲུལ་སྐུ་སྐུ་མཆེད། རྒྱལ་སྲས་དྲི་མེད་འོད་ཟེར། མཚུངས་མེད་འོད་གསལ་རང་གྲོལ། འཁྲུལ་ཞིག་པ། དྭགས་པོ་བླ་མ་བློ་གྲོས་རྒྱ་མཚོ། མཁན་ཆེན་བྱང་བཟང་པ། རྗེ་བླ་མ། དེས་བདག་ལའོ།། །།དོ་ཧ་སྐོར་གསུམ་གྱི་སྟོད་ལུགས་ཀྱི་བརྒྱུད་པ་ནི། མཻ་ཏྲི་པ། རྒྱ་གར་ཕྱག་ན། བ་རེག་གཙང་ཤོད་པ། གནར་སྟོན་ནེ་རིངས། ལྷ་རྗེ་སྟོན་མོ། རྗེ་བཙུན་སྨན་སྒང་པ། སྤྱང་ཁུང་ཕུར་པ། རྒྱལ་ལོག་ཕུག་པ། གསེར་སྡིངས་པ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད་པ། བུ་རིན་པོ་ཆེ། རིན་རྣམ་པ། གྲགས་པ་རྒྱལ་མཚན་པ། ཚེས་ལྔ་རིན་པོ་ཆེ། མཁན་ཆེན་ཀུན་རྒྱལ། རྗེ་བླ་མ། དེས་བདག་ལའོ། །ཡང་དོ་ཧ་སྐོར་གསུམ་གྱི་སྨད་ལུགས་ཀྱི་བརྒྱུད་པ་ནི། མཻ་ཏྲི་པ། རྒྱ་གར་ཕྱག་ན། བལ་པོ་འབུམ་མེ། བལ་པོ་བདེ་ཆེན། སློབ་དཔོན་སྟོན་ཤཱཀ ཆོས་སྐུ་འོད་ཟེར། དེ་མན་གོང་བཞིན་ནོ།། ༈ །དམངས་དོ་ཧ་སྔར་གྲུབ་སྙིང་གི་དཀྱིལ་དུ་ཐོབ་ཟིན་མོད། འདི་གསུམ་བརྒྱུད་པ་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར། སླར་ཞུས་པ་ཡིན་ནོ། །ཡང༌། དེ་དག་གི་དགོས་ཀྱི་བརྒྱུད་པ་གཅིག་ནི། རྡོ་རྗེ་འཆང༌། ས་ར་ཧ། ཤ་བ་ར། མཻ་ཏྲི་པ། ཏི་བུ་པ། རས་ཆུང་པ། བུར་སྒོམ་ནག་པོ། ཕག་མོ་གྲུབ་པ། རྒྱ་ལོག་ཕུག་པ་ནས་གོང་བཞིན་ནོ།། ༈ །བེའུ་བུམ་སྔོན་པོ་ཞེས་བྱ་བ། པུ་ཏོ་བའི་གསུང་ངག་བརྗེད་བྱང་དུ་དགེ་བའི་བཤེས་གཉེན་ཡང་གད་པས་བཏབ་ཅིང༌། དེའི་འགྲེལ་པ་ལྷ་འབྲི་སྒངས་པས་མཛད་པའི་གླེགས་བམ་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། ལོའི་སྤྱན་མངའ་ཚུལ་མགོན། སྤྱན་མངའ་ཚུལ་རྡོར། རྒྱལ་པོ་སྟེངས་ཀྱི་སྤྱན་མངའ་བ་རིན་ཆེན་འཕེལ། སྤྱན་ཡས་མཁན་པོ་སངས་