R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༠༢
[A:༤༠༢]འབུམ། མཁན་ཆེན་གཞོན་ནུ་དཔལ་བ། རྗེ་བླ་མ། དེས་བདག་ལའོ།། །། ༄། །ཆོས་རྗེ་ཤེས་རིན་པ་ལ་ཆོས་བཀའ་ཐོབ་ཡིག Twenty treatises associated with the works of Maitreya ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པད་མོ་བཏུགས་ཤིང༌། གང་ལ་མི་ཕྱེད་པའི་དད་པ་ཐོབ་པ་དེ་ཉིད། བླ་མ་ཀུན་གྱི་རབ་རང་ཕུལ་ཏུ་འཛིན་པའི་བཤེས་གཉེན་ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་པོའི་གདན་ས་བ། གཙང་སྟག་ཚང་གི་སྐད་གཉིས་པ། ཤེས་རབ་རིན་ཆེན་པའི་ཞལ་སྔར། སྒྲའི་སློབ་གཉེར་གཙོ་བོར་བགྱིས་པའི་ཞར་ལས། སྔར་མ་ཐོབ་པའི་ཆོས་བཀའ་འགའ་ཞིག་ཐོབ་པ་ནི། བྱམས་པ་དང་འགྲེལ་བ་ཆོས་སྡེ་ཉི་ཤུར་གྲགས་པ་ལ། བྱམས་ཆོས་ལྔ་ནི། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། ཆོས་ཉིད་རྣམ་འབྱེད། དབུས་མཐའ་རྣམ་འབྱེད། རྒྱུད་བླ་མའོ། །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་པྲ་ཀ་ར་ཎ་སྡེ་བརྒྱད་ནི། སུམ་ཅུ་པ། ཉི་ཤུ་པ་ཕུང་པོ་ལྔའི་རབ་བྱེད། ལས་གྲུབ་པའི་རབ་བྱེད། རྣམ་བཤད་རིགས་པ། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ། མདོ་སྡེ་རྒྱན་གྱི་འགྲེལ་པ་རྣམས་སོ། །འཕགས་པ་ཐོག་མེད་ཀྱིས་མཛད་པའི་ས་སྡེ་ལྔ་ནི། སའི་དངོས་གཞི་སྟེ། འདི་ལའང་ས་བཅུ་བདུན་ལས། ཉན་ས་དང༌། བྱང་ས་གཉིས་ལ་པུསྟི་རེ་རེ་བྱས་ཤིང༌། དེ་ལྷག་བཅོ་ལྔ་ལ་ས་མང་པོ་པ་པུསྟི་གཅིག་ཏེ། མདོར་ན་པུསྟི་གསུམ་མོ། །དེ་དང༌། རྣམ་པར་གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ་རྣམས་སོ། །སྡོམ་རྣམ་པ་གཉིས་ནི། ཐེག་པ་ཐུན་མོང་བའི་སྡོམ་མངོན་པ་ཀུན་ལས་བཏུས་