[A:༤༠༨]་བ། འཁོན་རྡོ་རྗེ་རིན་ཆེན་ནས། འཕགས་པ་རིན་པོ་ཆེའི་བར་འཁོན་གྱི་གདུང་རབས་ཇི་བཞིན། དེ་ནས་ཤར་པ་ཤེར་འབྱུང༌། རྡོ་རྗེ་འོད་ཟེར། ཨེ་པ་འཇམ་དབྱངས་བག་སྟོན། ཚུལ་རྒྱལ། ཀུན་མཁྱེན་པ། ནམ་འོད་པ། ཆོས་རྗེ་ཉིད། དེས་བདག་ལའོ། །ཡང་ན། སངས་རྒྱས། རྡོ་རྗེ་གདན་པ། དོན་ཡོད་ཞབས། བ་རི་རིན་ཆེན་གྲགས། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ་ནས་གོང་བཞིན་ནོ།།
The Kadam Volume
༈ །།ཡང༌། བཀའ་གདམས་གླེགས་བམ་གྱི་ཐིག་ལེ་བཅུ་དྲུག་གི་ཁྲིད་དང༌། ལྷ་བཞིའི་དབང༌། གླེགས་བམ་གྱི་ལུང་དང་བཅས་པ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཇོ་བོ་ཡབ་སྲས་ནས། ཕུ་ཆུང་པ་གཞོན་ནུ་རྒྱལ་མཚན། རྣལ་འབྱོར་པ་རིན་ཆེན་རྒྱལ་མཚན། སྟབས་ཁ་བ་ཞང་སྟོན་དར་མ་རྒྱལ་མཚན། སྟབས་ཁ་བ་བྱང་ཆུབ་བཟང་པོ། སྟབས་ཁ་བ་ནམ་མཁའ་རིན་ཆེན། སྟབས་ཁ་བ་གཞོན་ནུ་བློ་གྲོས། ལྷོ་པ་ཀུན་མཁྱེན། གྲ་ཕུ་བ་ཆེན་པོ། ཕུ་ཆུང་པའི་སྐྱེ་བར་གྲགས་པ་མཁན་པོ་དགའ་ལུང་པ། དབོན་པོ་བསོད་ནམས་འོད། བྱ་བྲལ་བ་བསོད་ནམས་རིན་ཆེན། བླ་མ་ཆོས་གྲགས་པ། བླ་མ་དཔལ་འབྱོར་བཟང་པོ། བླ་མ་སེང་གེ་རྒྱལ་མཚན། ཆོས་རྗེ་ཤེས་རབ་རིན་ཆེན་ཞབས། དེས་བདག་ལའོ། །
ཕུ་ཆུང་པའི་གོང་དུ། རྔོག་ལེགས་ཤེ་དང༌། མངའ་རིས་པ་ཤེར་རྒྱལ་གཉིས་བཅུག་ཀྱང་ཆོག་ཅིང༌། ཡང་ན། གཞོན་བློ་ནས་ཉི་མ་རྒྱལ་མཚན། རིན་ཆེན་བྱང་ཆུབ། རིགས་ཀྱི་བདག་པོའི་དཔལ། བྱང་ཆུབ་དཔལ། བསོད་ནམས་འོད། མཁན་ཆེན་སངས་རྒྱས་བཟང་པོ། བྱ་བྲལ་བ་བསོད་བཟང༌། བླ་མ་དཔལ་འབྱོར་བ་སོགས་སོ། །འདི་དག་གི་ཉེ་བརྒྱུད་བྱེད་ན། འབྲོམ་སྟོན་ཉིད་ལ་ཆོས་རྗེས་ཐུགས་པར་བྱས་ཆོག་པ་རྒྱུ་མཚན་དང་བཅས་ཏེ་གསུང་ངོ༌།།
Contents of Kadam Volume
༈ །གླེགས་བམ་དེ་དག་གི་རྣམ་གྲངས་