R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༠༩
[A:༤༠༩]ལ། འབྲོམ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་ལོགས་སུ་ནན་གྱིས་བསྟན་པའི་བཀའ་རྒྱ།
འདི་གཉིས་གོང་འོག་ནོར
། བསྟན་པ་རིན་པོ་ཆེ་ལྷ་ཆོས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ངོ་མཚར་རྨད་དུ་བྱུང་བའི་དཔལ་འབྱོར། ལྷ་ཆོས་ཉམས་ལེན་གྱི་མན་ངག་ཐིག་ལེ་ཆེན་པོའི་དབྱིངས་སུ་བྱང་ཆུབ་ཀྱི་སེམས་སྤེལ་བ་ཞེས་བྱ་བ། འབྲོམ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་མཛད་པའི་རང་རྒྱུད་ལ་བསྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་དང༌། སྦྱོར་བའི་ཆོས་དངོས། ཐུགས་དམ་རྒྱལ་བ་ཡབ་སྲས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་གཏེར་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། ཕ་ཆོས་ཉི་ཤུ་རྩ་དྲུག་ལས། ཞུ་ལན་དངོས་གཞི་ནོར་བུའི་ཕྲེང་བ་ལས་ཡུལ་ཁྱད་པར་ཅན་ལ་ཕྱག་འཚལ་བའི་ལེའུ་དང་པོ། ལྷ་བཞི་ལ་ཇི་ལྟར་གདམས་པའི་ལེའུ། སྡེ་སྣོད་གསུམ་ལ་ཇི་ལྟར་གདམས་པའི་ལེའུ། སྦྱོར་བས་ཇི་ལྟར་འབད་པའི་ལེའུ། དབང་པོའི་སྒོ་གདམས་ཏེ་སེམས་ཇི་ལྟར་འཛིན་པའི་ལེའུ། ལེ་ལན་ཐམས་ཅད་གཅིག་ལ་ཇི་ལྟར་གདའ་བའི་ལེའུ། སྤང་བྱ་ཇི་ལྟར་སྤངས་ནས་དགེ་བ་ལ་འཇུག་པའི་ལེའུ། འཕགས་པའི་ནོར་དང་མཁར་བསིལ་གྱི་ལེའུ། རྣམ་པར་དག་པ་ཀླུའི་ལེའུ། མཐོང་ཚུལ་ཕུན་སུམ་ཚོགས་པའི་ལེའུ། དམ་པ་དང་དམ་པའི་སྤྱོད་པ་ཇི་ལྟར་སྐྱོང་བའི་ལེའུ། འདོད་པའི་འདམ་ལས་བརྗེས་བཅངས་ཇི་ལྟར་བྱ་བའི་ལེའུ། རྣམ་ཐར་གཙང་མའི་ཕ་ཕོགས་ཇི་ལྟར་ཞུས་པའི་ལེའུ། བྱིང་རྒོད་མཉམ་པ་ཉིད་དུ་སྒོམ་པའི་ལེའུ། སྣང་སྟོང་གྲགས་སྟོང་གི་ངང་དུ་བློ་ཇི་ལྟར་སྦྱང་བའི་ལེའུ། སྦས་པའི་བརྟུལ་ཞུགས་ལ་སོགས་ཇི་ལྟར་མཛད་པའི་ལེའུ། དམ་བཅའ་མི་འདོར་བ་དང་ཆོས་ལུགས་ཕུན་སུམ་ཚོགས་པའི་ལེའུ། གཞན་གྱི་སེམས་ཇི་ལྟར་བསྲུང་བའི་ལེའུ། རྟག་ཏུ་གཞན་དོན་བྱེད་པའི་ལེའུ། ཆོས་གཞན་ལ་སྐུར་བ་མི་འདེབས་པར་ཟབ་ཆོས་ཉམས་སུ་ལེན་པའི་ལེའུ། བསྔོ་ཞིང་སྡིག་པ་བཤགས་པའི་ལེའུ། ནོར་བདུན་དུ་བསྡུས་ཏེ་